ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་<<ཞང་བོད་ཡིག་གཟུགས་འགྲན་བསྡུར་>>ཐེངས་དྲུག་པ།

མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས། ཉོན་ཅིག་གར་མ་ལི་ཤོ་ཉོན།   ཤེས་བྱ་ཀུན་གྱི་ཐོག་མ་རུ།   ཤེས་པའི་གཞི་མ་ཡི་གེ་སློབ།   མི་ཤེས་ལྐུགས་པ་ཡི་གེས་སྨྲ།   བློ་སྦྲམ་ཐ་རམས་ཡི་གེས་འགྲོལ།   མི་ཤེས་རྨོངས་པ་ཡི་གེས་གསལ།   རིག་པའི་སྒྲོན་མེ་ཡི་གེས་འདེགས།   དེ་ཕྱིར་ཡི་གེ་རྒྱུན་བསྟེན་ནས།   ཤེས་བྱ་ཀུན་གྱི་གཞི་མ་ཡིན། ཞེས་གསུངས་པ་ལྟར་ཡི་གེ་འབྲི་ཀློག་ནི་ཤེས་བྱ་ཀུན་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་པ་དང་། ལྷག་དོན་དུ་བོད་ཀྱི་སྐད་ཡིག་ཉག་ཕྲ་བའི་དུས་འདིར་མི་རབས་གསར་པ་ཚོར་ཐུན་མོང་མ་ཡིན་པའི་བོད་ཀྱི་ཡིག་གཟུགས་འབྲི་བའི་རྒྱུན་ཤེས་ཡར་བསྐུལ་དགོས་པ་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད། 

དོན་དེ་དག་གི་ཆེད་འདི་ག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་འཛིན་རིམ་འོག་མ་ཚོར་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་དང་བསྟུན་ཡིག་གཟུགས་འགྲན་བསྡུར་ཞིག་སྤེལ་བཞིན་ཡོད་པ་ལྟར། 

འདི་ལོ་ཡང་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་ཏེ། ཕྱི་ལོ་༢༠༢༦ལོའི་ཟླ་བ་༤པའི་ཚེས་༣༠ཉིན་མོའི་སྔ་དྲོར་དགེ་རྒན་རྣམ་པ་འཛོམས་ཐོག་འཛིན་རིམ་འོག་མའི་སློབ་གཉེར་བ་རྣམས་ནས་བྲིས་པའི་འཁྱུག་དང་། ལྗིབ། ཚུགས་རིང་། འབྲུ་ཚྭ། ཡིག་དཀར། ཞང་ཞུང་སྨར་ཡིག་བཅས་ཀྱི་ཡིག་གཟུགས་རྣམས་ནས་སོ་སོར་དཔྱད་འདེམས་གནང་སྟེ་ཨང་རིམ་ཕྱེས། 

དེ་ནས་དངོས་སུ་འཆད་རའི་ཐོག་ཏུ་སློབ་གཉེར་བ་རྣམ་པས་བྲིས་པའི་ཡིག་གཟུགས་ཀུན་འགྲེམ་སྟོན་བྱས་སྟེ། སྐྱབས་རྗེ་མཁན་སློབ་རྣམ་པ་དང་། དགེ་རྒན་རྣམ་པ། འདུས་མང་ནས་གཟིགས་ཞིབ་གནང་། དེ་ལྟར་ཞང་བོད་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་བྱས་པའི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་  ༢༠༢༦ ༠༤ ༣༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 6 དེ་རིང་། 6)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།