ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོད་རྒྱུགས་ཐེངས་བཅུ་དྲུག་པ་འཚོགས་པའི་གནས་བསྡུས།

གཡུང་དྲུང་གི་བོན་ལ་བརྗོད་བྱ་དོན་གྱིས་བསྡུས་པ་དང༌། རྗོད་བྱེད་ཚིག་གིས་བསྡུས་པ་གཉིས་ཡོད་པ་ལས། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་ཞེས་པ། བོན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་པའི་རྣམ་བཞག་གཏན་ལ་འབེབས་བྱེད་ཀྱི་བཀའ་དང་བཀའ་བརྟེན་རྣམས་ཡིན། དེ་ཡང་ཡིད་ཅན་འགྲོ་བ་མཐའ་དག་གི་འདི་ཕྱིའི་ལེགས་ཚོགས་དང༌། ལུགས་གཉིས་རྣམ་བཞག་གི་ལེགས་ཉེས་བླང་དོར་ཤེས་མིན་གྱི་གནད་ནི་གསུང་རབ་འདི་དག་གི་དོན་རྟོགས་མིན་ལ་རག་ལུས་པར་བརྟེན། སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་འདི་ཉིད་གསར་དུ་གཏོད་གནང་བ་ཞིག་ཡིན། སྟོན་པ་མྱ་ངན་ལས་འདས་རྗེས་གདུང་སོབ་མུ་ཆོས་བོན་སྒོ་བཞི་མཛོད་ལྔ་ལ་བཀའ་འགྲེལ་བརྩམས་ཏེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བའི་འཁོར་ལོ་བསྐོར། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་ཀྱང་།

 

རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།།

འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས།།

རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི།།

དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པ་རིགས།།

 

ཞེས་གསལ་བ་ལྟར་འདི་ག་༧གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་འཆར་ཅན་ལྟར་རྩོད་སྦྱོང་གི་ནང་ཚན་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཧོར་ཟླ་བཅུ་གཅིག་པའི་ཟླ་འཇུག་ཏུ་གཏོང་བཞིན་ཡོད་པས། འདི་ལོའི་རྩོད་རྒྱུགས་ཆེན་མོ་ཡང་ཕྱི་ལོ་ ༢༠༢༤ ༠༡ ༦ ཉིན་སྐབས་ཉེར་དགུ་བའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གནམ་པས་གྲ་སྒྲིག་ལེགས་པར་གནང་སྟེ། ཕྱི་ཚེས་ ༧ ཀྱི་ཞོགས་ཇ་བཞེས་གྲུབ་རྗེས་ཕྱག་ཚོད་ ༧ : ༡༥ ཐོག་འཛིན་གྲྭ་སོ་སོས་དམ་བཅའི་རྒྱན་ཤོག་འཐེན། ཕྱག་ཚོད་ ༨ : ༣༠ ཐོག་༧ སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་།  སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ།  བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ།བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ་བཅས་གནམ་པ་བཞི་དང་། གཞན་རྩ་འཛིན་སློབ་དཔོན་གནམ་པ། དགེ་བཤེས་གནམ་པ་དབུ་བཞུགས་ཐོག་འདི་ལོའི་རྩོད་རྒྱུགས་དངོས་སུ་དབུ་ཚུགས་ཏེ་ཕྱི་ཚེས་༧ནས་༨བར་ཉིན་གཉིས་ཀྱི་རིང་རྩོད་རྒྱུགས་གནང་སྟེ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

རིག་པའི་མེ་ལྕེ་ནས་ཕྱི་ལོ ༢༠༢༤ ༠༡ ༠༨ ཉིན།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 320 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ང་རང་གི་སྙ…
error: རྩོམ་འདི་བདག་དབང་ཅན་ཡིན།