ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཞང་ཚུལ་མིའི་དཔེ་དེབ་འགྲེམས་བརྡ། སྙན་ངག

ང་རང་གི་སྙན་ངག་ནི་མ་གཞི་ནས་མོས་ཕྱོགས་ཙམ་ལས་ཆེད་གཉེར་གྱི་དུས་ཚོད་བཏང་སྟེ་བྲིས་པ་ཆེར་མེད་ལ།འགྲོ་ཞོར་འདུག་ཞོར་གྱི་འཆར་སྣང་ཡིག་གེར་གཏགས་པ་རྣམས་སྙིགས་ཟོམ་དུ་གཡུག་མ་བྲ་ནས་རྩོམ་ཁུག་ཏུ་བཞག་རྗེས་དེབ་ཆུང་གཅིག་གི་གཟུགས་སུ་གྲུབ་འདུག་པས།འདི་ལོར་དགེ་བཤེས་མཛད་སྒོ་དང་བསྟུན་ནས་འདོན་སྤེལ་ཞུས་ཡོད།ངེད་ཀྱི་སྙན་ངག་ནི་ཀློག་པ་པོར་རྩོམ་རིག་གི་སྐུལ་མ་གཏོང་ནུས་ཀྱི་རེ་བ་མེད་ལ།བོད་ཀྱི་སྙན་ངག་དེབ་ཐེར་ནས་རིན་ཐང་ཅན་ཞིག་དེ་བས་བསམ་མེད།བོད་སྐད་ལ་མོས་ཤིང་བོད་ཡིག་ལ་དུང་བའི་མི་ཞིག་གི་རང་གི་དགའ་སྐྱོའི་འཆར་སྣང་དབྱངས་སུ་འཐེན་པ་ཙམ་དུ་ལུས།འོན་ཀྱང་བོད་ཡིག་བཀོལ་སྤྱོད་ཀྱི་འགན་ཁྲི་རེ་ཡོད་པས།དབྱངས་གསལ་དང་བརྡ་དག་སྙན་གསུམ་གྱི་བཞེངས་པ་ཡིན་ཕྱིན་ཕན་པ་ལས་གནོད་པའི་ཡུལ་དུ་གྱུར་མི་སྲིད་པ་ཡིན།

ངེད་ཀྱིས་༢༠༡༦ནས་ད་བར་བྲིས་པའི་སྙན་ངག་རྣམས་ཕྱོགས་བསྒྲིགས་བྱས་ཏེ། ད་ལན་<<དྲུང་མུའི་རྐང་ལམ་དཀར་པོ>>ཞེས་པའི་དེབ་ཆུང་ཞིག་བསྐྲུན་ནས་ཀློག་པ་པོའི་མིག་སྔར་འབུལ་ལམ་ཞུ་ཁུལ་ཡིན། གུས་པའི་རྩོམ་ཡིག་རྣམས་ཚོར་བའི་འགྲོས་དང་ངག་རིག་གི་འཕག་མཆོང་ལས་བྱུང་བའི་བརྗོད་དོན་མི་འདྲ་བ་ཁག <<རྟོགས་བརྗོད་སེམས་ཀྱི་མཆོད་མེ>>དང་། <<འཆར་ཡན་ཚོར་བའི་རླབས་རིས>> <<ཤིས་སྨོན་ངག་གི་རོལ་རྩེད>> <<གསར་རྩོམ་མཛེས་མའི་མིག་བརྡ>> <<ལྷུག་རྩོམ་རྒས་པོའི་གོག་འགྲོས>>བཅས་ལེ་ཚན་ལྔ་རུ་བགོས་ནས་བསྒྲིགས་ཡོད།ངེད་ཀྱི་སྙན་ངག་ལ་དགའ་བའི་སྙུག་གྲོགས་ཚོར་མི་རིང་བར་འགྲེམས་སྤེལ་ཞུ་ཡོང་།འོན་ཀྱང་ཀློག་པ་པོའི་རྩོམ་རིག་སྡེབ་སྦྱོར་ལ་རམ་འདེམས་ཤིག་གཏན་ནས་བསམ་མེད།

གསལ་བཤད།

གོང་གསལ་ངེད་ཀྱི་དཔྱད་དེབ་གཉིས་དང་སྙན་དེབ་གཅིག་བཅས་ཁྱོན་དེབ་གསུམ་སྒོར་ཕུད་པ་ནི།རྩོམ་པ་པོ་རང་གིས་དུས་ཡུན་རིང་པོར་དཀའ་ལས་དང་།འབད་བརྩོན་བྱས་པ་ཡིན་སྟབས།འདི་དག་ལ་ཕྱོགས་ཡོངས་ནས་གཞོགས་འདེགས་དང་།རྒྱབ་སྐྱོར་བརྒྱུད་བསྐུལ་གནང་བའི་རེ་བ་ཞུ་བཞིན་ཡོད་ལ།རྩོམ་ཡིག་འདི་དག་གི་ཁྲོད་དུ་ཆོས་ལུགས་དང་།ལུང་ཚན།ཆབ་སྲིད་སོགས་ཕྱི་ནང་གང་ལ་གནོད་པའི་ཚིག་གཅིག་མེད་ལ།མི་སྒེར་པ་སུ་ལ་ཡང་འགལ་བའི་ཟུར་ཙམ་ཡང་མེད།

(སྤྱིའི་གཟིགས་གྲངས། 121 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།