ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གལ་ཆེན་གསལ་བསྒྲགས།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་རང་རེའི་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་རིས་མེད་སྐྱེས་ཆེན་རྣམས་དང་ཁྱད་པར་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་སྐུ་ཕྱྭའི་ཞབས་རིམ་སོགས་མདོར་ན་རྒྱལ་བསྟན་འདི་ཉིད་ཡུན་དུ་གནས་པ་དང་ཡངས་པའི་ཁམས་སུ་ནད་མུག་འཁྲུག་མཚོན་མཐའ་དག་ཞི་སྟེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་པའི་ཆེད་དུ་ལོ་རེར་འཆར་ཅན་ལྟར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྲིད་རྒྱལ་འབུམ་ཚོགས་འབུལ་བཞིན་ཡོད་པ་ལྟར་དང་།
ད་ལོར་ཆེད་དམིགས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་སྐུ་ཕྱྭའི་ཞབས་རིམ་དུ་སྤྱི་ཟླ་ལྔ་པའི་ཚེས་ ༡༥ ནས་ ༢༡ བར་བདུན་ཕྲག་གཅིག་གི་རིང་དུ་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་འདུས་མང་ཡོངས་ཀྱིས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་འཆར་ཡོད་པས་དེ་ལུགས་སུ་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་ལྷ་སྡེ་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པ་ལགས་ན་དེ་ལུགས་སུ་དགོངས་འཇགས་ཞུ།

༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
༢༠༡༦།༠༥།༡༤།

32080cookie-checkགལ་ཆེན་གསལ་བསྒྲགས།
(སྤྱིའི་གཟིགས་གྲངས། 2 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…