ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་དཀའ་ཐུབ་འཚོགས་བཞིན་པའི་སྐོར།

བོད་ཟླ་༠༨། ཚེས་༠༡། ནས་༠༨། བར་དུ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པའི་དུསཚིགས་ཡིན་ཞིང་། དེ་ཡང་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་གཤེན་རབ་ཁྲི་གཙུག་རྒྱལ་བའི་རྗེས་སུ་བཟུང་སྟེ་དཀའ་ཐུབ་ཀྱི་ཉམས་ལེན་ཇི་ལྟར་དགོས་པའི་ཟིན་བྲིས་མཛད་པ་ལ་གཞི་བྱས་ནས་གདན་ས་འདིར་ལོ་ལྟར་དཀའ་ཐུབ་འཚོགས་དང་འཚོགས་བཞིན་ཡོད་པར་བརྟེན། འདི་ལོའི་བོད་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དཀའ་ཐུབ་ཆེན་མོ་དབུ་བཙུགས་ཏེ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གཤེན་སྡེ་འདུས་པ་རྒྱ་མཚོས་ཞོགས་པར་དཔལ་གཤེན་བསྟན་སྨན་རིའི་ལུགས་ཀྱི་འདུལ་བའི་གསོ་སྦྱོང་དང་། དེ་ནས་མི་མང་རྣམས་ལ་བསྙེན་བསྙུང་གི་སྡོམ་པ་གནང་། ཞོགས་ཚོགས་རྗེས་སུ་འདུས་མང་རྣམས་ལ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེས་རྗེ་ཡོངས་འཛིན་བླ་མས་མཛད་པའི་<དགེ་འདུན་གྱི་སྤྱོད་ལམ་གསལ་བའི་མེ་ལོང་>གི་འཆད་ཁྲིད་བཀའ་དྲིན་བསྐྱངས། དེ་མཚམས་སུ་འདུས་མང་ཡོངས་ཀྱིས་དགེ་སྤྱོད་རྣམ་པར་དག་པའི་ཆོ་གའི་གཞུང་བསྲངས་པ་དང་། ཉིན་གུང་རྗེས་སུ་སྙིང་པོ་རྣམ་གསུམ་གྱི་དབྱངས་རྟ་དང་ལྷན་དུ་འདུས་མང་ཡོངས་དང་ལྷ་སྡེ་མི་མང་བཅས་གཙུག་ལག་ཁང་དུ་ཞབས་སྐོར་ཕེབས། ཕྱི་དྲོའི་འཆད་ར་གྲོལ་མཚམས་སུ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེས་འདུས་སྡེ་དང་མང་ཚོགས་ལ་ཁྲུས་གསོལ་གནང་གྲུབ་རྗེས་འདུལ་ཆོག་ལྟར་ཉུ་ལེ་བཀར་བ་དང་བསྔོ་སྨོན་བཅས་གསུངས། དགོང་མོར་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། དགེ་བཤེས་རྣམ་པ་དང་། སྒྲུབ་ཐོན་པ་དང་གཞན་སྔགས་རྫོགས་འཛིན་གྲྭ་བཅས་ལྷན་དུ་བླ་མེད་བློ་འདས་ཀྱི་དགོངས་པར་ཐུན་སྦྱོང་གི་ཉམས་ལེན་དང་། གཞན་པའི་སློབ་གཉེེར་བ་བྱིངས་རྣམས་ཀྱིས་དཔེ་ལྟ་དང་བློ་འཛིན་སོགས་རང་རང་གང་མོས་ཀྱི་དགེ་སྦྱོར་ལ་འབད་བརྩོན་གནང་བ་དང་། དམིགས་བསལ་དུ་འདི་ལོར་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཟིགས་པའི་དགུང་ཞག་དང་དཀའ་ཐུབ་དུས་མཉམ་དུ་ཁེལ་བར་བརྟེན་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་འདུས་སྡེ་ཡོངས་ཀྱིས་བླ་མ་མཆོད་པའི་སྒོ་ནས་མཆོད་འབུལ་གསོལ་འདེབས་ཞུས་དང་ཞུ་བཞིན་ཡོད་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་སྤེལ།། །།

 

(སྤྱིའི་གཟིགས་གྲངས། 74 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།