ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཨ་ཏ་བླ་མ་རིན་པོ་ཆེ་སྟོན་འཁོར་རྣམས་ཀྱིས་གདམས་ངག་གསན་ཞུས་གནང་ཕྱོགས་སྐོར་གྱི་གནས་བསྡུས།

ཨུ་རུ་སུ་བོན་དགོན་རྫོགས་ཆེན་ཡོངས་རྩེ་འོད་གསལ་གླིང་གི་མཁན་པོ་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཨ་ཏ་བླ་མ་སྟོན་འཁོར་རྣམས་ལོ་བསྟར་བཞིན་འདི་ལོར་ཕྱི་ཟླ་ ༠༩ ཚེས་ ༠༣ ཉིན་རྒྱལ་ས་མོ་སུ་ཀོ་ནས་མཁའ་ལམ་བརྒྱུད་ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༠༤ ཉིན་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་དང་དུ་བླངས་ནས་ཉམས་ལེན་གནང་ཕྱོགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཞུས།

ཕྱི་ཚེས་ ༠༤ ནས་ ༠༦ བར་ཉིན་འགྱངས་བཞིའི་རིང་མཁན་ཆེན་རིན་པོ་ཆེ་ནས་སྔར་ལོའི་དཔེ་ཁྲིད་ཀྱི་འཕྲོས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་ལེའུ་ཚན་མཉམ་བཞག་སྒོམ་པའི་ལག་ལེན་ནས་བླ་མའི་རྣལ་འབྱོར་དང་སྦྲགས་ཏེ་ཉིན་ལྟར་ཁྲིད་གདམས་བཀའ་དྲིན་སྐྱོང་གནང་བ་དང་།

དད་སྦྱིན་རྣམས་ཀྱིས་རེ་གསོལ་ཞུས་དོན་ལྟར་དུས་མཚུངས་གོང་ཚེས་ ༠༥ ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་དགེ་སློབ་རྣམས་ལ་ཚེ་དབང་མཆོག་འདུས་ཀྱི་བཀའ་དབང་གནང་ནས་སྔོན་དངོས་རྗེས་གསུམ་གྱི་དབང་དམ་མན་ངག་རྣམས་མཁན་ཆེན་རིན་པོ་ཆེ་ནས་འཆད་འཁྲིད་ངོ་སྤྲོད་ཞིབ་པར་བཀའ་དྲིན་བསྐྱངས། ཉིན་རྒྱབ་གསུང་ཁྲིད་རྗེས་དགེ་སློབ་ཐུན་མོང་ནས་ཡོངས་འཛིན་མཆོག་གི་སྐུ་ཚེའི་ཞབས་བརྟན་དུ་ཚེ་སྒྲུབ་དང་ཚེ་བསྙེན་གསོག་སྒྲུབ་ཞུས།

ཕྱི་ཚེས་༠༧ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་སློབ་མ་རྣམས་ལ་སྙན་རྒྱུད་གཟེར་བུ་ཉེར་གཅིག་གི་ལྗགས་ལུང་བཀའ་དྲིན་བསྩལ་བ་དང་སྦྲགས། ཇི་ལྟར་རྫོགས་པ་ཆེན་པོའི་ཁྲིད་ལུང་མན་ངག་ལ་བློ་སྦྱོང་ཞུས་པ་ལྟར་རྒྱུན་དུ་ཉམས་ལེན་ལ་བརྩོན་རྒྱུ་ནི་འདི་ཕྱི་གཉིས་ཀྱི་ཁེ་ཕན་ཞིག་དང་། སྡུག་བསྔལ་དང་ཉོན་མོངས་ཞི་བའི་སྨན་ཆེན་དུ་ངོས་འཛིན་གནང་དགོས་པ་སོགས་ཞལ་གདམས་གནད་སྨིན་མང་པོ་བཀའ་དྲིན་བསྐྱངས་མཐར་དགེ་སློབ་རྣམས་ཀྱིས་འབུལ་སྣེ་སྔོ་འབྲས་དང་བཅས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཕུལ།

དེ་རྗེས་དགེ་སློབ་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་འདེབས་དབྱངས་སུ་གྱེར་ནས་ཚེ་བསྙེན་གྱི་ཞབས་རིམ་དང་བཅས་ཏེ་གྱེས་མཇལ་ཞུས་རྗེས་དྲན་རྟེན་མཉམ་པར་སྒྲོན། དགོང་མོར་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་རྣམས་ཀྱིས་ཇ་སྟོན་གྱིས་ཕེབས་སྐྱེལ་དང་བཅས་ཁ་དགེ་བཀྲ་ཤིས་ངང་ནས་ཐེངས་འདིའི་གསུང་ཁྲིད་ཀྱི་ལེའུ་ཚན་མཇུག་སྡོམ་ཞུས་པའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༧ ཉིན།

རྫོགས་ཆེན་ཡོངས་རྩེ་གླིང་གི་མཁན་པོ་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཨ་ཏ་བླ་མ་རིན་པོ་ཆེའི་གསུང་རྩོམ་སྐོར་གཤམ་གསལ།

༡༽རིགས་དྲུག་རང་སྦྱོང་གི་གདམས་པ་ཟབ་མོ།

༢༽ལུས་སྦྱིན་དཔའ་བོའི་གད་རྒྱང་གི་འགྲེལ་བ།

༣༽ནག་རྩིས་སྔོན་འགྲོའི་དཔེར་བརྗོད་གསལ་བའི་མེ་ལོང་།

༤༽ཐོར་རྩོམ་སྣ་ཚོགས།

༥༽རིག་པ་དང་མ་རིག་པ་གཉིས་ཀྱི་གཏམ་རྒྱུད་མི་རྒན་ཉམས་མྱོང་།

༦༽སྒང་ཏོག་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོ་བླ་མ་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱི་སྐུ་གདུང་དཀར་ཆག

ཡིག་སྒྱུར་ཞུས་པ་ཁག་གཤམ་གསལ།

༡༽བོན་གྱི་ཐེག་པ་རིམ་དགུ།

༢༽རྩ་གསུམ་བོན་སྐྱོང་སྤྱི་བསྡུས་ཀྱིས་བསྒྲུབ་ཐབས་ཕྱྭ་ཚེ་གཡང་སྒྲུབ་འདོད་དགུ་གཏེར་ཆེན་བཞུགས།།

༣༽གུར་ཞོག་ཆེན་པོས་མཛད་པའི་སྨོན་ལམ་རིན་ཆེན་ཕྲེང་བ་བཞུགས།།

༤༽སྙན་རྒྱུད་ཡེ་གྲོལ་གྱི་གཅོད་ལུས་སྦྱིན་དཔའ་བོའི་གད་རྒྱངས།

༥༽རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས། སྒོམ་ཐབས་ཉི་ཤུ་རྩ་བཞི་པ།

༦༽སྲིད་རྒྱལ་དྲེའུ་ནག་མོའི་ཚོགས་བསྡུས་བཞུགས།

༧༽དཀར་གསུར་བསྡུས་པ་དང་དམར་གསུར་བསྔོ་བ།

༨༽ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། བསང་བསྡུས་འདོད་རྒུའི་སྤྲིན་ཆེན།

༩༽བོན་སྐུའི་སྨོན་ལམ་གཏི་མུག་གཉིད་སྐྲོག

༡༠༽བསམ་པ་ལྷུན་གྲུབ་དང་བར་ཆད་ལམ་སེལ་ལམ་ལྷ་བཅས་ཀྱི་སྐོར།

༡༡༽ཚོགས་བསྡུས་ཚོགས་གཉིས་མཛོད་ཁང་བཞུགས།

༡༢༽ཀླུ་གཏོར་བཞུགས།།

༡༣༽ཡང་ཟབ་ཚོགས་ཀྱི་འཁོར་ལོ་རྣལ་འབྱོར་དགོངས་པའི་རྒྱན་ཞེས་བྱ་བ།

༡༤༽ཡེ་ཤེས་དབལ་མོའི་ཚོགས་ཀྱི་མཆོད་པ།

༡༥༽སྒྲིབ་སྦྱང་སྐོར་བཞི་ལས་སྙིང་པོ་རྣམ་གསུམ་དང་ཡིག་བརྒྱ་བཅས་ཀྱི་སྒོམ་འཛབ་བསྟོད་གསུམ།

༡༦༽ལན་ཆགས་གཏོར་མ།

༡༧༽ཚེ་དབང་བྱ་རི་མ་ལས་ཚེ་སྙིང་དང་སྒོམ་རིམ།

༡༨༽འཛམ་བྷ་ལྷའི་ནོར་སྒྲུབ།

༡༩༽ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ།

༢༠༽སྲིད་རྒྱལ་དྲག་སྔགས་གནད་ཀྱི་དགོངས་ཐེམ།

༢༡༽ཀུན་གསལ་བྱམས་མ་ཆེན་མོའི་སྔགས་ཀྱི་བསྟོད་པ་ཕན་ཡོན་བཅས་པ།

༢༢༽མི་ཁ་དང་ཁ་མཆུ་ཞི་བའི་གཟུངས་ཞེས་བྱ་བ།

༢༣༽སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་ཅེས་བྱ་བ།

༢༤༽སྟོན་པ་སངས་རྒྱས་ཀྱི་གསོལ་འདེབས།

༢༥༽སྨན་རིའི་ཡོངས་འཛིན་ཆེན་མོ་དཔོན་སློབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་ཞལ་གདམས་བྱིན་ཅན།

༢༦༽སྨན་རིའི་མཁན་ཆེན་སོ་གསུམ་པའི་ཞབས་བརྟན་གསོལ་འདེབས།

༢༧༽སྨན་རིའི་ཡོངས་འཛིན་མཆོག་གི་ཞབས་བརྟན་གསོལ་འདེབས།

༢༨༽དྲན་པ་ཡབ་སྲས་འཕོ་བ་དང་སྙན་བརྒྱུད་འཕོ་བ་བདེ་ཆེན་མཆོག་བསྒྲོད།

༢༩༽བསང་བསུར་ཕྲིན་སྨོན་སྐོར།

༣༠༽མཁའ་འགྲོ་ཤེས་རབ་བློ་འཕེལ་གྱིས། སྙན་རྒྱུད་བྱམས་མའི་སྙིང་ཐིག       

༣༡༽ཁོད་སྤུངས་དྲན་པའི་སྙིང་ཐིག་གསང་སྒྲུབ་ཅེས་བྱ་བ།

༣༢༽གཤེན་གྱི་ནོར་སྲུང་འཛམ་སྔོན་ཀུ་བཱེ་རའི་མཆོད་བསྐུལ།

༣༣༽ཡབ་སྲས་སྔོན་འགྲོའི་ཁྲིད་རིམ་ཟབ་མོ་སྐུ་གསུམ་བཅུད་དྲིལ་དང་ཚིག་བཤད།

༣༤༽རབ་གནས་བསྡུས་པ།

༣༥༽ཚེ་དབང་བྱ་རི་མ་ལས་ཚེ་སྙིང་དང་སྒོམ་རིམ།

༣༦༽ནོར་སྒྲུབ་བསྡུས་པ།

༣༧༽སྟག་ལ་སྤུ་གྲི་དམར་པོའི་བཅུད་དྲིལ།

༣༨༽མཆོད་གཏོར་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ།

༣༩༽ཞང་ཞུང་མེ་རི་སྙིང་ཐིག

༤༠༽ལན་ཆགས་གཏོར་མ།

༤༡༽རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས། ཡེ་ཤེས་དབལ་མོའི་སྲོག་བསྐུལ་སྙིང་གི་ཐིག་ལེ།

༤༢༽རྩ་རླུང་གསལོ་འདབེས།

༤༣༽གསང་སྔགས་ཀྱི་དམ་ཚིག་རྩ་བ་ལྔ།

༤༤༽ཞི་ཁྲོ་བར་དོ་འཕྲང་གྲོལ་གྱི་ཐོས་གྲོལ་ལས་བྱང་བག་ཆགས་རང་གྲོལ།

༤༥༽རྨི་བ་དང་གཉིད་པ་ལམ་ཁྱེར་འཁྲུལ་སྣང་སྒྱུ་མར་གྲོལ་བའི་གདམས་པ།

༤༦༽དབང་རབ་རྣམས་ཕུང་པོ་ལྷག་མེད་དུ་གྲོལ་བའི་འོད་གསལ་ཐོད་བརྒལ་ཇི་ལྟར་ཉམས་སུ་ལེན་ཚུལ།

༤༧༽རྣམ་མཁྱེན་སྟོན་པའི་བཀའ་སྒྲ་བླའི་གོ་བསང་།

༤༨༽ཡང་ཟབས་ནམ་མཁའ་མཛོད་ཆེན་ལས། བསང་བསྡུས་འདོད་དགུའི་སྤྲིན་ཆེན།

༤༩༽འགྲོ་བའི་སྡུག་བསྔལ་ལས་གྲོལ་བའི་བདེ་སྐྱིད་ཀྱི་ཐར་ལམ་ཞེས་བྱ་བ།

༥༠༽སྔོན་འགྲོའི་སྒོམ་རིམ།

༥༡༽གཙུག་ཏོར་འབར་མའི་གཟུངས།

༥༢༽བྱམས་མའི་སྙིང་ཐིག་གིས་སྔོན་འགྲོ།

༥༣༽རྩ་གསུམ་བོན་སྐྱོང་སྤྱི་བསྡུས་ཀྱི་སྒྲུབ་ཐབས་ཕྱྭ་ཚེ་གཡང་སྒྲུབ་འདོད་དགུའི་གཏེར་ཆེན་ཞེས་བྱ་བ།

༥༤༽བོན་གྱི་རྫོགས་ཆེན་ཁྲིད་རིམ།

༥༥༽མ་རྒྱུད་ཀྱི་དགོངས་སྤྱོད་རྣམ་གསུམ།

༥༦༽ལུས་སྦྱིན་དཔའ་བོའི་གད་རྒྱང་།

༥༧༽ལུས་སྦྱིན་མཁའ་འགྲོའི་གད་རྒྱང་།

 

(སྤྱིའི་གཟིགས་གྲངས། 106 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་དུ་གླ…
error: རྩོམ་འདི་བདག་དབང་ཅན་ཡིན།