ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་གཡུང་དྲུང་ལྷ་རྩེ་དགོན་གྱི་གདུང་སེམས་མཚོན་པའི་གསུང་འཕྲིན།

གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་བརྒྱུད་གསུམ་བསྟན་པའི་བདག་ཉིད་བཀའ་དྲིན་གསུམ་ལྡན་དྲིན་ཅན་རྩ་བའི་བླ་མ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གཞིས་བྱེས་གཉིས་དང་། དམིགས་བསལ་བྱེས་སུ་སྐུ་ཚེ་ཧྲིལ་པོར་སྤྱིར་བཅུ་ཕྲག་རིག་པའི་གནས་དང་ཡང་སྒོས་སུ་མདོ་སྔགས་སེམས་གསུམ་ལ་འཆད་རྕོད་རྩོམ་གསུམ་གྱི་བསྟན་འགྲོར་མཛད་འཕྲིན་ཐུགས་འགན་བླ་མེད་བཞེས་ནས་རྒྱལ་ཕྱི་ནང་གང་ན་གཡུང་དྲུང་བོན་བསྟན་དར་སྤེལ་འཕྲིན་ལས་རྒྱས་མཛད་རྗེས་བཞག་གནང་བར་རྗེས་དྲན་ཞུ་རྒྱུ་དང་། མཐར་ཤིང་སྦྲུལ་ལོ་༢༡༥༢ས་ག་ཟླ་བའི་ཚེས་༡༦སྟེ་ཉ་གསུམ་གྱི་མཐའ་མ་དང་། རེས་གཟའ་ཕུར་བུ་དམ་པ་གང་གི་བླ་གཟའ། ཕྱི་ལོ་༢༠༢༥ཟླ་བ་༦ཚེས་༡༢ཉིན་བལ་པོའི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་༤༥ཐོག་རེ་ཞིག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པའི་གནས་ཚུལ་ཐོས་པ་དང་། དཔལ་ལྡན་བླ་མ་གང་གི་འདས་པའི་བསྟན་དོན་དུ་གསང་གསུམ་མཛད་པ་ཕྲིན་ལས་ཡིད་ལ་འཆར་ཞིང་སེམས་ཁོང་དུ་སྐྱོ་བས་ཁེངས་ཏེ་ཅི་བྱ་དབེན། འོན་ཀྱང་དྲིན་ཅན་བླ་མའི་ཐུགས་དགོངས་རྫོགས་ཆེད་རང་ནུས་མཆོད་འབུལ་སྨོན་ལམ་དང་ཞལ་གདམས་གང་གསུངས་གསལ་གདབ་དོན་གཉེར་འབད་པ་གང་ནུས་ཞུ་བ་བཅས།

སྐྱབས་རྗེ་དམ་པ་གང་གི་ཞབས་འོག་ཏུ་གདམ་ངག་བདུད་རྩི་ཐོབ་པའི་མཁན་མིང་འཛིན་པ་ལུང་རིག་ཉི་མས།

༢༠༢༥ལོའི་ཟླ་བ་༦ཚེས་༡༣ཉིན་གཤེན་བསྟན་གཡུང་དྲུང་ལྷ་རྩེ་དགོན་ནས་ཕུལ།

(སྤྱིའི་གཟིགས་གྲངས། 24 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།