ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསལ་བརྡ།

རྩོམ་པ་པོ། འབྲིང་རྒྱུད་དགེ་བཤེས་གཡུང་འཕྲིན།

སྤྱིར་ན་དེང་ཆར་སྐར་རྩིས་རིག་པའི་གཞུང་ལུགས་སྣ་ཚོགས་མཆིས་ཤིང་དེ་མཚུངས་ལོ་ཐོ་ལའང་རྒྱས་བསྡུས་སོགས་མ་ངེས་དབྱར་གྱི་རྩི་ཐོག་བཞིན་ཡོད་པ་ལས།  འདིར་རང་ལུགས་ཁྱུང་སྤྲུལ་རིན་པོ་ཆེའི་རྩིས་གཞུང་ཆེན་མོ་དཔྱད་གསུམ་དག་རྩིས་ཡང་གསང་ལུགས་གཞིར་བྱས་ཀྱིས་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཉག་མ་སུམ་ཅུ་སོ་དྲུག་པའི་བོད་ས་ཕག་ལོའི་ལོ་ཐོ་རྒྱས་པའི་ཚུལ་འདི་ཞང་ཞུང་བར་པའི་འདུས་སྡེ། གཉན་རོང་ཨ་གྲགས་ཆབ་མདོ་དགོན་བཤད་སྒྲུབ་སློབ་གླིང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ཐེངས་དང་པོའི་སྐར་རྩིས་འཛིན་གྲྭའི་དགེ་སློབ་ཐུན་མོང་གི་སློབ་གཉེར་ཇི་ལྟར་བྱས་པའི་འབད་འབྲས་ས་བཅད་མ་སྟོངས་ཙམ་ཞིག  རྒྱ་ཆེའི་རིགས་གཅིག་སྤུན་ཟླ་ཡོངས་ལ་གཟིགས་མོ་འབུལ་རྒྱུའི་སྐལ་བཟང་བྱུང་སོང་།  དེ་ལ་ཐོག་མཐའ་བར་གསུམ་དུ་སྨན་རྩིས་མཁས་དབང་རྒན་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ལམ་སྟོན་བཀའ་དྲིན་ཆེད་བསྩལ་དང་།  བར་བཅུག་རི་མོ་ཁག་སློབ་ཆེན་བ་ཚེ་རིང་བཀྲ་ཤིས།  ཁ་བྱང་སྤུངས་སོ་བྲུ་རྒྱལ་སྲས་སེམས་དཔའ། དེ་བཞིན་དཔེ་སྐྲུན་དངོས་ཀྱི་སྦྱིན་བདག་བཤད་སྒྲུབ་སློབ་གླིང་སྤྱི་ནས་བསྩལ་གནང་བྱུང་བ་བཅས་བྱ་བ་འདི་ལ་རྒྱབ་སྐྱོར་གནང་མཁན་གྱི་འབྲེལ་ཡོད་པ་རྣམས་ལ་སྐབས་འདི་དང་བསྟུན་ནས་བཀའ་དྲིན་ཐུགས་རྗེ་ཆེ་སོང་ཞེས་ཞུ་རྒྱུ་དང་།  ད་དུང་ང་ཚོ་བྱ་བ་འདི་ལ་ལས་དང་པོ་ཡིན་པའི་ཁར།  རྩོམ་སྒྲིག་གི་དུས་ཡུན་ཐུང་བ།  སྦྱོང་ཞོར་ལས་ཞོར་ཡིན་པ་སོགས་ཀྱིས་སྐྱོན་དང་ནོར་བ་གང་མང་ཞིག་ཡོད་ངེས་པས་དེ་ལུགས་གཙུག་ལག་རིག་པའི་གཞུང་ལ་འཇུག་པ་ཡངས་པའི་མཁས་དབང་རྣམས་ཀྱིས་དབྱིངས་ཁྲེལ་མེད་པར་དགེ་འདོན་སྐྱོན་སེལ་གྱི་རྒྱབ་སྐྱོར་ཡར་ཀླུང་གཙང་པོའི་རྒྱུན་བཞིན་གནང་སྐྱོང་ཡོད་པར་མཁྱེན་འཚལ་ཞུ།

     ལས་གཞི་འདིའི་རྩོམ་སྒྲིག་འགན་ཁུར་བའི་མིང་ཙམ་འཛིན་པ་དགེ་བཤེས་གཡུང་དྲུང་ཕྲིན་ལས་སུ་འབོད་པ་དེས།  སྐྱིད་ཆུ་སྔོན་མོའི་གཡས་ཟུར་དབུས་ལྷ་ལྡན་ཉི་མའི་གྲོང་ཁྱེར་ནས། ༢༠༡༩ ལོའི་ཟླ་བ་ ༡ པོའི་ཚེས་ ༡༢ ཉིན།

88460cookie-checkགསལ་བརྡ།
(སྤྱིའི་གཟིགས་གྲངས། 55 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…