ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐེངས་གཉིས་པའི་བོན་རིག་པའི་བགྲོ་གླེང་ཉིན་དང་པོ།

ཕྱི་ལོ་ ༢༠༢༡ ༠༩ ༠༣ ཉིན་སྔ་དྲོའི་ཕྱག་ཚོད་༠༧།༤༥ཐོགགཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བགྲེས་པོའི་འབེལ་གཏམ་ཚོགས་པས་གོ་སྒྲིག་འོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ། རྩ་འཛིན་སློབ་དཔོན་དང་དགེ་བཤེས་རྣམ་པ་དབུས་པའི་འདུས་མང་ཡོངས་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་བཅས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་དུ་འདུ་འཛོམས་ཀྱིས་རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་ལགས་ཀྱིས་གཙོ་སྐྱོང་དང་འབྲེལ་མཛད་སྒོ་དབུ་ཚུགས་ཏེ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་།  བགྲེས་པོའི་འབེལ་གཏམ་ཚོགས་ཆུང་གི་གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོ་ལགས་ནས་བགྲོ་གླེང་གོ་སྒྲིག་གི་བརྒྱུད་རིམ་དང་བྱོན་པ་ལེགས་གསོལ་གྱི་གཏམ་བཤད་གནང་། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བོན་རིག་པའི་བགྲོ་གླེང་གི་རྩ་དོན་ངོ་སྤྲོད་དང་འབྲེལ་ཏེ་བཀའ་སློབ་བསྩལ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བོན་རིག་པའི་བགྲོ་གླེང་དང་འབྲེལ་བའི་བཀའ་སློབ་གནང་། 

 

 

 

སྔོན་འགྲོའི་མཛད་རིམ་གྲུབ་པ་དང་དངོས་གཞིའི་བགྲོ་གླེང་ལ སྨན་པ་བཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ནས་<<སེམས་ཡིད་བླ་གསུམ་གྱི་ངོས་འཛིན་སྐོར་ལ་དཔྱད་པ་>>དང་། དགེ་བཤེས་ཀུན་སྐྱོངས་རྒྱལ་པོ་ནས་<<གློ་བོར་བོན་བསྟན་ཆགས་འཇིག་གི་ཤུལ་>>བཅས་བགྲོ་གླེང་གནང་སྟེ་གསོལ་ཇའི་བར་གསེང་བཏང་། བཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ནས་གཙོ་སྐྱོང་ཐོག རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་ནས་<<རིག་འཛིན་རྣམ་བཞི་ལས་འཕྲོས་པའི་རྣམ་སྨིན་རིག་འཛིན་སྐོར་>>དང་། ཁྲོམ་ཡེ་ཤེས་རབ་གསལ་ནས་<<ཀློང་རྒྱས་དཀྱིལ་འཁོར་གྱི་ཐིག་ཚོན་ལ་དཔྱད་པ་>>བགྲོ་གླེང་དང་དྲི་བ་དྲིས་ལན་གནང་སྟེ་ཉིན་གུང་ཞལ་ལག་བཞེས། ཉིན་གུང་ཕྱག་ཚོད་གཉིས་པ་ཐོག་ཁྲོམ་ཡེ་ཤེས་རབ་གསལ་ནས་གཙོ་སྐྱོང་འོག་ཚུལ་ཁྲིམས་རྣམ་གྲོལ་ནས་<<སྔོན་འགྲོའི་གཏོར་མའི་ངོ་སྤྲོད།>> ཡོན་ཏན་རྒྱ་མཚོ་ནས་<<རང་གྲོལ་བླ་མ་རྒྱལ་མཚན་གྱི་ལོ་རྒྱུས་དངོས་ལ་དཔྱད་པ་>>བགྲོ་གླེང་དང་དྲི་བ་དྲི་ལན་གནང་གསོལ་ཇའི་བར་གསེང་བཏང་། ཚུལ་ཁྲིམས་རྣམ་གྲོལ་ནས་གཙོ་སྐྱོང་དང་འབྲེལ་མཁྱེན་རབ་རྒྱ་མཚོ་ནས་<<ཏྲེ་སྟོན་གྱི་སྐོར་>>བགྲོ་གླེང་གནང་སྟེ་ཉིན་དང་པོའི་བགྲོ་གླེང་མཇུག་གྲུབ་པ་བཅས་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༠༩ ༠༣ ཉིན་སྤེལ།

པར་པ་དཔལ་ལྡན།

 

 

 

(སྤྱིའི་གཟིགས་གྲངས། 1,678 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།