ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐེངས་གཉིས་པའི་བོན་རིག་པའི་བགྲོ་གླེང་ཉིན་གཉིས་པ།

ཕྱི་ལོ་༢༠༢༡ ༠ ༠ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༧།༥༠ཐོག་རྡོ་ཏིང་གི་སྒྲ་དང་བཅས་ཏེ་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་བཅས་གཙུག་ལག་ཁང་དུ་འདུ་འཛོམས་གནང་སྟེ། བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་འོག ཚུལ་ཁྲིམས་རབ་བརྟན་ནས་<<གྲི་གུམ་བཙན་པོ་དང་འབྲེལ་བའི་གནད་དོན་འགའ་ཞིག་ཟིན་ཐོ་བཀོད་པ་>>དང་། ཚུལ་ཁྲིམས་ཀུན་ཁྱབ་ནས་<<ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་ལ་ཅུང་ཙམ་དཔྱད་པ།>> ཚུལ་ཁྲིམས་དྲི་མེད་ནས་<<ལྟ་བ་ཁྱུང་ཆེན་ལས་ཨ་དཀར་བའི་ཐུན་མིན་ལྟ་བ་ཇི་ལྟར་བསྟན་ཚུལ།>>བཅས་བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྟེ་གསོལ་ཇའི་བར་གསེང་བཏང་། ཕྱག་ཚོད་༡༠དང་སྐར་མ་༡༥་ཐོག་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་གཙོ་སྐྱོང་ཐོག་བསོད་ནམས་ཚུལ་ཁྲིམས་ནས་<<རོལ་པ་སྐྱེ་མཆེད་ལྟར་སྣང་བ་དང་མཚན་མ་ཀུན་བྲལ་ཅིར་མི་སྣང་བ་གཉིས་ཀྱི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་སྣང་བ་འགེག་མི་འགེག་གནད་གང་ལ་ཐུག་མིན་ཐད་རགས་ཙམ་གླེང་བ།>>དང་། མཐུ་སྟོབས་དབང་ཕྱུག་ནས་<<བོད་ཀྱི་སྙན་ངག་བྱུང་རིམ་སྐོར།>>བགྲོ་གླེང་དང་འབྲེལ་དྲི་བ་དྲི་ལན་གྲུབ་པ་དང་ཉིན་གུང་ཞལ་ལག་བཞེས།  ཉིན་གུང་ཕྱག་ཚོད་༠༢ཐོག་ཚུལ་ཁྲིམས་ཀུན་ཁྱབ་ལགས་ཀྱིས་གཙོ་སྐྱོང་ཐོག་བཀའ་རམས་པ་ཕུན་ཚོགས་ཚུལ་འཛིན་ནས་<<བོད་ཆོས་སྲིད་གཉིས་ཀྱི་ནང་མིང་གྲགས་ཆེ་བའི་བུད་མེད་ཁག་ཅིག་ཟུར་ཙམ་གླེང་བ།>> དང་། སྨན་པ་བསོད་ནམས་ཚེ་རིང་ནས་<<ཆམ་རིམས་དུས་ཀྱི་ཐོ་བརྩེགས།>>ཞེས་པ་བགྲོ་གླེང་དྲི་བ་དྲི་ལན་བཅས་གནང་རྗེས་དངོས་གཞིའི་བགྲོ་གླེང་གྲུབ་པ་དང་།

 

 

 

 

མཇུག་བསྡུའི་མཛད་རིམ་ལ་བགྲེས་གཏམ་རྩོམ་སྒྲིག་པ་ཁྲོམ་ཡེ་ཤེས་རབ་གསལ་གྱིས་གཙོ་སྐྱོང་དང་འབྲེལ། བགྲེས་གཏམ་རྩོམ་སྒྲིག་པ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་མཇུག་བསྡུའི་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ། བགྲོ་གླེང་གོ་སྒྲིག་པ་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་པའི་ངོས་ནས་བགྲོ་གླེང་གི་ཆ་ཤས་ལེན་མཁན་རྣམས་ལ་བགྲོ་གླེང་མཉམ་ཞུགས་ཀྱི་ཕྱག་འཁྱེར་མགུལ་དར་དང་བཅས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་བསྩལ་གནང་མཛད་དེ་མཉམ་པར་བསྐྱོན་པ་དང་། ཐེངས་་གཉིས་པའི་<<བོན་རིག་པའི་ཞིབ་བགྲོ་གླེང་>>དེ་ཉིད་ཁ་དགེ་བཀྲ་ཤིས་ངང་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༠ ༠ ཉིན་སྤེལ།། །།

པར་པ་ཏི་སེའི་བུ།

 

(སྤྱིའི་གཟིགས་གྲངས། 1,347 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།