ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དགའ་མལ་དགོན་ཆེན་གྱི་མཁན་རིན་པོ་ཆེའི་ཐུགས་གསོའི་གསུང་འཕྲིན།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གཙོས་པའི་མཁན་སློབ་འདུས་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བ་ལ།

ད་ལམ་རང་ཅག་འཛམ་གླིང་བོན་འབངས་ཡོངས་ལ་བཀའ་དྲིན་བླ་ན་མཐོ་བའི་༧གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་༧དཔལ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་དོན་དུ་མི་ལོ་༡༠༠ལྷག་རིང་ལ་མཛད་འཕྲིན་བླ་མེད་བསྐྱངས་ཏེ། བརྒྱ་སྟོན་འཕྲིན་ལས་འོད་སྣང་འཛམ་གླིང་ཁྱོན་དུ་ཁྱབ་པ་དང་། སླར་ཡང་འཇིག་རྟེན་འདི་ནས་འགྲོ་དོན་རེ་ཞིག་རྫོགས་ཏེ་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར་མི་རྟག་ཚུལ་བསྟན་པ་ནི་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་རང་ཅག་བོན་འབངས་ཡོངས་ལ་བཟོད་ཐབས་བྲལ་བའི་གནས་སུ་གྱུར་པ་ནི་ཞུ་མ་དགོས་རེད།

ཡིད་སྐྱོ་བའི་གནས་ཚུལ་གོ་མ་ཐག་ནས་འདི་ག་མདོ་སྨད་ཤར་ཁོག་གི་ནང་གི་དགོན་ཁག་ལྔ་གཙོས་པའི་མཁན་སློབ་བླ་སྤྲུལ་འདུས་པ་རྣམས་དང་དད་ལྡན་མང་ཚོགས་བཅས་ཤར་ཁོག་གི་སྤྱི་དགོན་དགའ་མལ་དགོན་ཆེན་དུ་འཚོགས་ཏེ། ༧སྐྱབས་རྗེ་བདེ་བར་གཤེགས་པ་རིན་པོ་ཆེའི་དགོངས་རྫོགས་ལ་བླ་མའི་མཆོད་པ་སོགས་ཀྱི་གདུང་མཆོད་ཞིབ་རྒྱས་སུ་ཕུལ་བ་དང་། དེ་བཞིན་དད་ལྡན་མང་ཚོགས་ནས་ཕྱག་སྐོར་སྒྲིབ་སྦྱང་། སཙྪ་འདེབས་པ་དང་། གྲོག་མ་གསོ་བ། ཚེ་ཐར་སྲོག་བླུ་སོགས་ཀྱི་དགོངས་རྫོགས་ཞུས་དང་ཞུ་བཞིན་པ་ཡིན་ལགས། ང་ཚོ་ཤར་ཁོག་ལ་མཚོན་ན་ཡང་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་མཁན་རིན་པོ་ཆེ་ཤེས་རབ་མཐར་ཕྱིན་དང་། དཔོན་སློབ་ཁྲི་རབས་དང་པོ་དཔོན་སློབ་བསྐལ་བཟང་དར་རྒྱས་རྣམས་ཀྱིས་སྐྱབས་ཞུ་བཞིན་དུ་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་རིན་པོ་ཆེ་མཆོག་༡༩༨༨ལོའི་ཟླ་བ་༦པའི་ནང་ལ་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་ཕེབས་ཏེ་དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེ་རྣམས་ལ་དབང་ལུང་ཁྲིད་གདམས་དང་བཀའ་སློབ་ལམ་སྟོན། ཁྱད་པར་དུ་མཁའ་ཀློང་གསང་བའི་མདོས་ཆེན་ལག་ལེན་སོགས་ཀྱི་བཀའ་དྲིན་བསྩལ་ཏེ། དེང་གི་བར་དུ་ང་ཚོས་རྒྱུད་འཛིན་ཞུ་བཞིན་པ་ལགས། ༧དེ་ལྟར་སྐྱབས་རྗེ་སྨྲ་བའི་དབང་པོ་ཡོངས་འཛིན་རིན་པོ་ཆེ་མཆོག་དགོངས་པ་གཤེགས་པ་ལ་གདུང་སེམས་མཉམ་བསྐྱེད་ཞུས་པའི་དོད་དུ།

ཞེས་སྐྱབས་རྗེ་མཆོག་གི་སློབ་འོག་པ་མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་མིང་པ་ཤེས་རབ་གཡུང་དྲུང་དབང་རྒྱལ་གྱིས་སྤྱི་ལོ་༢༠༢༥ལོའི་ཟླ་བ་༦པའི་ཚེས་༢༠ཉིན་གཤེན་གྱི་གདན་ས་ཆེན་མོ་གསེར་སྒོ་ཁྲ་མོ་ནས་གུས་ཕྱག་དང་བཅས་ཕུལ།

(སྤྱིའི་གཟིགས་གྲངས། 52 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདུང་སེམས་…
error: རྩོམ་འདི་བདག་དབང་ཅན་ཡིན།