ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེས་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་སྐོར།

IMG_7354འགྲོ་བ་མི་ཞིག་ས་སྟེང་དུ་གནས་སྡོད་བྱེད་པ་ལ་ཁོར་ཡུག་ལ་མཐོང་ཆེན་བྱེད་དགོས་པ་ནི་མི་ཡི་འཚོ་བའི་ནང་གི་བདེ་སྐྱིད་ཀྱི་ཆ་རྐྱེན་ཨང་དང་པོ་དེ་ཡིན། ཁོར་ཡུག་དང་མི་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་པ་ཞིག་ཡིན་པས། ཁོར་ཡུག་ལ་འབག་བཙོག་གིས་གནོད་སྐྱོན་བྱུང་ན་ཁོར་ཡུག་དེའི་ནང་གནས་སྡོད་བྱེད་པའི་མི་ལ་ན་ཚ་འདྲ་མིན་འབྱུང་སྟེ་མི་བདེ་བ་ཡོང་གི་ཡོད། དེས་ན་ཁོར་ཡུག་ལ་གཙང་སྦྲ་དང་སྲུང་སྐྱོབ་བྱེད་པ་དེ་གལ་ཆེན་པོ་ཡིན། དེར་བརྟེན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཟླ་བ་གཉིས་རེའི་ནང་ཁོར་ཡུག་གཙང་སྦྲའི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ལྟར། སྐབས་བརྒྱད་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་འཕྲོད་བསྟེན་འགན་འཛིན་པས་གོ་སྒྲིག་གནང་བ་ལྟར།

IMG_7350 IMG_7329སྤྱི་ལོ་ ༢༠༡༧ ཟླ་བ་ ༠༤ ཚེས་ ༡༧ ཉིན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་འདུན་པ་རྣམས་དང་། གཞི་རིམ་འོག་མའི་སློབ་ཕྲུགསྡེ་ཚན་གཉིས་མཉམ་འབྲེལ་ཐོག་ Teen Gara ཏིན་སྒ་རིས་ཀྱི་ཁོར་ཡུག་གཙང་སྦྲའི་ལས་འགུལ་སྤེལ་ནས་གཙང་བཟོ་བྱས་པ་དང་། ཁོར་ཡུག་བཙོག་པ་མ་བཟོ་ཞེས་པའི་སྦྱར་ཡིག་དང་བཅས་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་ཁྱུང་ཁྲི་ལྡེས་ ༢༠༡༧ ཟླ་བ་ ༠༤ ཚེས་ ༡༧ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 62 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ང་ཚོ་འགྲོ་…
error: རྩོམ་འདི་བདག་དབང་ཅན་ཡིན།