༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་ལོ་ཕྱེད་རྒྱུགས་སྤྲོད།
སློབ་སྦྱོང་ཡར་རྒྱས་ཀྱི་ཆ་རྐྱེན་བཟང་ཤོས་ནི་བསྐུལ་འདེད་ཡིན་ལ། བསྐུལ་འདེད་གྱི་ཐར་ལམ་ཡག་ཤོས་ནི་རྒྱུགས་སྤྲོད་ཡིན་སྟབས། སློབ་གླིང་འདིར་རུ་ལོ་ལྟར་རེ་ བཞིན་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་རེད།
རྒྱུགས་སྤྲོད་ཀྱི་ནང་དོན་ཁག་ནི་གསོ་རིག་སྐོར་བྲིས་རྒྱུགས་དང་ངག་རྒྱུགས། དེ་བཞིན་དུ་བརྡ་དག སྙན་ངག རྩིས་རིག རྒྱུན་ཤེས། རྒྱལ་རབས། བལ་སྐད་དང་དབྱིན་སྐད་བཅས་ཡིན་པ་རེད། དེ་ཡང་ཕྱི་ལོ་༢༠༡༧ ཟླ་༠༧ཚེས་༢༣ནས་༢༧བར་ཉིན་ལྔ་ཡི་རིང་ལ་གསོ་རིག་འབུམ་བཞིའི་དབུ་འཛིན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་དང་སྨན་དགེ་གནམ་སྲས་གྲགས་པ་གཙོས་པའི་དགེ་རྒན་རྣམ་པ་དབུ་བཞུགས་ཐོག་ཉིན་དང་པོ་སྟེ།
སྤྱི་ལོ་༢༠༡༧ ཟླ་༧ཚེས་༢༣ཉིན་བརྡ་དག སྙན་ངག རྩིས་རིག རྒྱུན་ཤེས་དང་རྒྱལ་རབས་བཅས་ཀྱི་སྐོར་རྒྱུགས་སྤྲོད་གནང་། ༢༤ཉིན་བལ་པོའི་སྐད་དང་དབྱིན་སྐད་བཅས་ཀྱི་བྲིས་རྒྱུགས་གནང་། ཉིན་༢༥ །༢༦ཉིན་གཉིས་རིང་གསོ་བ་རིག་པའི་སྐོར་ངག་རྒྱུགས་གནང་། ༢༧ཉིན་གསོ་རིག་སྨན་གྱི་བྲིས་རྒྱུགས་ཆེན་མོ་བཏང་བ་སྟེ་དེ་རིང་ཚེས་༢༧ཉིན་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་ཕྱི་ལོ་༢༠༡༧ཟླ་༠༧ཚེས་༢༧ཉིན་སྤེལ།