ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀྲ་ཤིས་རྟགས་བརྒྱད་ཀྱི་ཚིག་བཤད།

  རྒྱལ་མཚན།-8 ༡  མི་ནུབ་རྒྱལ་མཚན་མ་རིག་བདུད་ལས་རྒྱལ། །མི་འགྱུར་རིག་པ་བཀྲ་ཤིས་སྐུ་ཡི་རྟེན། །དུས་གསུམ་ནུབ་པ་མེད་པའི་དབང་མཆོག་གིས། །མི་འགྱུར་སྟོན་པའི་སྐུ་རུ་བཀྲ་ཤིས་ཤིག །སྟོན་པ་ཡང་སྐུ་མི་ནུབ་པའི་རྒྱལ་མཚན་དུ་བཀྲ་ཤིས་པར་འགྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་གྱུར་ཅིག །གདུགས།-2

༢  སྐྱོབ་པའི་གདུགས་ཀྱིས་ཉོན་མོངས་ཚ་གདུང་སེལ། །ཐུགས་རྗེ་འཁོར་མེད་བཀྲ་ཤིས་དབུ་ཡི་རྟགས། །དུས་གསུམ་འཁོར་བ་མེད་པའི་དབང་མཆོག་གིས། །ཚད་མེད་བདེ་བའི་དབུ་རུ་བཀྲ་ཤིས་ཤིག སྟོན་པ་ཡང་དབུ་བསིལ་བའི་གདུགས་སུ་བཀྲ་ཤིས་པར་འགྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་གྱུར་ཅིག །བུམ་པ།-4

༣  སྐྱེ་དགུ་ཚེ་འཕེལ་བཀྲ་ཤིས་ལྷ་ཡི་རྫས། རྒྱུན་མེད་ཕྱྭ་ཚེ་བཀྲ་ཤིས་མགུལ་གྱི་རྟགས། །དུས་གསུམ་སྟོན་པའི་གསུང་དུ་བཀྲ་ཤིས་ཤིག །སྟོན་པ་ཡང་མགུལ་བུམ་པ་ལྟར་བཀྲ་ཤིས་པར་གྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་གྱུར་ཅིག །དཔལ་དབྱེ།-7

༤  ཐུགས་ཉིད་མི་གཡོ་མཚན་མ་ཅིར་མི་འབྱུང་། །དངོས་མེད་ཐུགས་ལ་བཀྲ་ཤིས་ཀུན་འབྱུང་བ། །དུས་གསུམ་སྟོན་པའི་ཐུགས་སུ་བཀྲ་ཤིས་ཤིག ། སྟོན་པ་ཡང་ཐུགས་ཉིད་དཔལ་བེའུ་རུ་བཀྲ་ཤིས་པར་གྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་འགྱུར་ཅིག །གསེར་ཉ།-3

༥  མི་འཇིགས་སྟོབས་ལྡན་རེ་དོགས་མེད་པར་འཚོ། །ཕྱག་ཞབས་རྫུ་འཕྲུལ་ཉམས་ང་མེད་པར་འཚོ། །རྫུ་འཕྲུལ་ཅི་ཡང་གསལ་བའི་བཀྲ་ཤིས་ཤིག །སྟོན་པ་ཡང་ཕྱག་གསེར་ཉ་ལྟར་བཀྲ་ཤིས་པར་གྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་འགྱུར་ཅིག །དུང་།-6

༦  ཨུན་ཆེན་ཐོགས་མེད་བདུད་འདུལ་གྲགས་པའི་གསུང་། །རང་བཞིན་བསྒྲགས་པས་སྣང་སྲིད་ཟིལ་གྱིས་གནོན། །མ་འགག་སྟོན་པའི་གསུང་དུ་བཀྲ་ཤིས་ཤིག །སྟོན་པ་ཡང་གསུང་དུང་ལྟར་བཀྲ་ཤིས་པར་གྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་འགྱུར་ཅིག །འཁོར་ལོ།-9

༧  དབང་སྒྱུར་རྫུ་འཕྲུལ་ཐབས་ཀྱི་ཞབས་ལྡན་ཞིང་། །ཐོགས་མེད་དབང་བསྒྱུར་བཀྲ་ཤིས་ཞབས་ཀྱི་རྟགས། །བརྩལ་མེད་ལྷུན་གྱིས་གྲུབ་པར་བཀྲ་ཤིས་ཤིག །སྟོན་པ་ཡང་ཞབས་འཁོར་ལོ་ལྟར་བཀྲ་ཤིས་པར་གྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་འཕེལ་འགྱུར་ཅིག །པད་མ།-5

༨ སྐྱོན་མེད་བཀྲ་གསལ་གདན་མཆོག་ལྷུན་ལ་རྫོགས། །དྲི་མེད་འོད་གསལ་བཀྲ་ཤིས་གདན་གྱི་རྟགས། །སྐྱོན་མེད་དག་པའི་གདན་དུ་བཀྲ་ཤིས་ཤིག །སྟོན་པ་ཡང་གདན་པད་མ་ལྟར་བཀྲ་ཤིས་པར་འགྱུར་རོ། །དེ་བཞིན་དེང་འདིར་བཀྲ་ཤིས་དམ་པ་འཕེལ་གྱུར་ཅིག། 

   དྲ་གྲོགས་རྣམས་པ་ཕྱི་ལོ་གསར་ཚེས་ནང་ནད་མེད་ཚེ་རིང་ཡོང་བའི་སླད་དུ་ཁྱེད་ཀྱི་དྲ་གྲོགས་ཁྱུང་ཐོག་རྒོད་ཀྱིས་གསེར་གྱི་སྒྲོན་མེའི་འཕྲིན་སྟེགས་ནས་བཤུས་ཏེ་ཕུལ་བའོ།། །།

༼རྟགས་བརྒྱད་པར་རིས་འདི་རྣམས་ཁྱུང་རིག་སྨྱུག་གི་སྐད་འཕྲིན་ནས་གཡར་པོ་ཞུས།༽

ཁྱུང་ཐོག་རྒོད་ཀྱིས་ཕྱི་ལོའི་༢༠༡༦།ཟླ་༠༡ཚེས་༠༡ཉིན།

(སྤྱིའི་གཟིགས་གྲངས། 291 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གནའ་རྩོམ་ཚ…
error: རྩོམ་འདི་བདག་དབང་ཅན་ཡིན།