ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་རྩེ་ནས་སྲིད་རྒྱལ་འབུམ་ཚོགས་ཕུལ་བ།


འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་སྤྱི་དང་། བྱེ་བྲག་ཏུ་རྒྱལ་བ་༧སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་གཙོས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་མཆོག་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུག་རྩོད་སོགས་ཀྱི་བསྐལ་ངན་ཡོངས་སུ་ཞི་ཞིང་འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་བ་དང་། ཡང་སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་པའི་དད་སྦྱིན་ལྷ་སྡེ་མི་མང་ཕྱི་ནང་གང་ན་བཞུགས་པ་ཡོངས་ཀྱི་བསམ་དོན་མ་ལུས་ཡིད་བཞིན་དུ་འགྲུབ་པ་སོགས་ཀྱི་ཆེད་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་ལོ་ལྟར་མ་མཆོག་སྲིད་པའི་རྒྱལ་མོ་དང་བླ་ཆེན་དྲན་པ་ནམ་མཁའི་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་པ་ལྟར་ད་ལམ་ཡང་གཡུང་དྲུང་བོན་གྱི་ལྷ་སྡེ་དུ་མས་དགེ་ལ་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོར་ཕྱེས་པའི་མཐུན་རྐྱེན་ལ་བརྟེན་ནས་གདན་ས་ཆེན་པོ་འདིར་ལྕགས་ཡོས་ལོའི་བོད་༣པའི་ཚེས་༣༠ དང་། སྤྱི་ལོ་༢༠༡༡ལོའི་ཟླ་༦་ ཚེས་༡ནས་དབུ་བཟུང་སྟེ་ཉིན་གྲངས་བརྒྱད་ཀྱི་རིང་བསྟན་སྲུང་གཙོ་བོ་མ་མཆོག་སྲིད་པའི་རྒྱལ་མོ་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུམ་ཚོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་ཞུ་བཞིན་ལགས་ན་བོད་ཕྱི་ནང་གང་ས་ན་བཞུགས་པའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་ལ་ཐུགས་སེམས་དཀར་བའི་བླ་སྤྲུལ་དགེ་བའི་བཤེས་གཉེན་ཡོངས་ཀྱིས་འབུམ་ཚོགས་འདི་དང་འབྲེལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་གཙོས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་གང་ན་སུ་བཞུགས་པ་ཡོངས་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཞིང་དགོངས་བཞེད་ལྷུན་གྱིས་འགྲུབ་པ་དང་། སྙིགས་མའི་རང་རྟགས་ས་འགུལ་དང་ཆུ་ལོག་སོགས་རང་བྱུང་ཁམས་ཀྱི་གོད་ཆག་རྣམས་མིང་མེད་དུ་ཞི་ནས་སྐྱེ་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སྤྱོད་པའི་ཐུགས་བསྐྱེད་སྐྱབས་འཇུག་མི་ཆུང་བར་ཞུ། །དགེ་བཤེས་བསྟན་འཛིན་སྦྱིན་པ་མཆོག་ནས་མཐུན་སྦྱོར་ཞུས།

འབུམ་ཚོགས་གོ་སྒྲིག་ཚོགས་པ་ནས། ཟླ་ཚེས། 11-06-06

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
   འདི་ལོར…
error: རྩོམ་འདི་བདག་དབང་ཅན་ཡིན།