ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འབོད་སྐུལ་གསལ་བརྡ།

བལ་ཡུལ་གནས་འཁོད་དད་ལྡན་ལྷ་སྡེ་མང་ཚོགས་ཡོངས་ལ་ཆེད་ཞུ།

          དེང་གཟའ་སྐར་འཕྲོད་སྦྱོར་ལེགས་ཤིང་ཁྱད་པར་དུ་བདག་ཅག་གི་སྟོན་པ་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་རྩོད་ལྡན་ཚེ་ལོ་བརྒྱ་བའི་སྟོན་པར་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད་ནས་མི་ལོ་གཅིག་ཁྲི་བརྒྱད་སྟོང་སུམ་ཅུ་སོ་དྲུག་འཁོར་བའི་དུས་ཆེན་ཁྱད་དུ་འཕགས་པའི་ཉིན་མོ་འདིར་སྐུ་ཡི་འཁྲུངས་མཆོད་དུ།  

 ༢༠༡༩།༠༡།༢༡ ཧོར་ཟླ་ ༡༢ བོད་ཚེས་ ༡༥ ཉིན་མོ། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུས་མང་ཡོངས་ཀྱིས་བདེར་གཤེགས་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་དབྱེ་སྟེ་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དང་།   སྔ་དྲོ་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སེར་སྐྱ་མང་ཚོགས་ཡོངས་འདུ་འཛོམས་ཀྱིས་སེར་ཕྲེང་ཕེབས་རྗེས་མང་ཚོགས་རྣམས་ལ་༧སྐྱབས་རྗེ་མཁན་སློབ་རྣམ་པ་གང་རུང་ཞིག་ནས་དུས་མཆོད་ཁྱད་པར་ཅན་འདི་དང་འབྲེལ་དགེ་སྡིག་སྤང་བླངས་ཀྱི་སློབ་ཁྲིད་ཐུགས་རྗེ་བཀའ་དྲིན་བསྐྱང་གནང་མཛད་རྒྱུ། 

དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་ཀའི་རྗེས་བླ་མ་མཆོད་པའི་སྒོ་ནས་མར་མེའི་མཆོད་འབུལ་བཅས་གནང་རྒྱུ་དང་། དགོན་པ་ནས་དུས་མཆོད་ལ་ཕེབས་པའི་མང་ཚོགས་ལ་ཞལ་ལག་དང་། གསོལ་ཇ་བཅས་གོ་སྒྲིག་གནང་འཆར་ཡོད་པས་བལ་ཡུལ་གནས་འཁོད་ལྷ་སྡེ་མང་ཚོགས་གང་མང་སྐུ་ཡི་འཁྲུངས་མཆོད་ཉིན་མོ་ངེས་ཕེབས་ཡོང་བ་ཞུ་རྒྱུ་དང་།  དགོན་པར་དངོས་སུ་ཕེབས་མ་ཐུབ་པ་རྣམས་ཀྱིས་ཀྱང་རང་རང་གང་ལྕོགས་ཀྱིས་མཆོད་འབུལ་སྨོན་ལམ་དང་ཚོགས་གསོག་དགེ་སྒྲུབ་ངེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ཡིག་ཚང་ནས་ཕྱི་ལོ ༢༠༡༩/༠༡/༡༢ ཉིན།

(སྤྱིའི་གཟིགས་གྲངས། 443 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་གྱི་མ…
error: རྩོམ་འདི་བདག་དབང་ཅན་ཡིན།