ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔོན་གསས་བླ་མ་ཞེས་པའི་རྣམ་ཐར་བརྙན་ཕབ་སྐོར་གྱི་གནས་བསྡུས།

ངོ་བོ་དང་ཁ་ཕྱོགས།

ponse1 he-2དཔོན་གསས་བླ་མ་ཞེས་པའི་རྣམ་ཐར་བརྙན་ཕབ་འདི་ནི་དུས་རབས་ཉི་ཤུ་བའི་ནང་གངས་རིའི་དབུ་རྩེའི་ཉི་འོད་དང་ལྷན་དུ་སྦྲུམ་ཞིང་བཅུ་རིག་བདུད་རྩིའི་ཉིང་ཁུ་བཅུད་དུ་ཆགས་པའི་སྐྱེས་མཆོག་ཞིག་འཇིག་རྟེན་འདིར་གོམ་པ་སྤོ་འགོ་བཙུགས་ནས་བཟུང་། འཚོ་བའི་ཁ་དོག་ལ་ལས་དབང་གིས་རི་མོ་བྲིས་ཤིང་གཉན་འཕྲང་གི་འགག་རོང་བརྒྱུད་པ་དང་། ཐུགས་སྟོབས་ཀྱི་གཟི་བརྗིད་ལ་ཚེ་སྲོག་གི་འོད་མདངས་རྒྱས་ནས་གསུབ་ཏུ་མེད་པའི་ཞབས་རྗེས་ཀྱི་རི་མོ་རྣམས་ཁ་བ་གངས་རི་ལ་བཞག་ཅིང་འཛམ་གླིང་ཤར་ནུབ་ཏུ་ཁྱབ་པའི་ལོ་རྒྱུས་གསོན་པོ་ཞིག་སྟེ། དེ་ཡང་བསམ་བཞིན་དུ་འཇིག་རྟེན་འདིར་ཕེབས་པའི་རྒྱལ་སྲས་གཡུང་དྲུང་སེམས་དཔའ་ཞིག་གིས་དུས་འགྱུར་གྱི་རླུང་ནག་ཁྲོད་ནས་ཁ་བ་གངས་རིའི་བླ་སྲོག་ཆོས་དང་རིག་གཞུང་གི་དམུ་ཐག་ཆད་ལ་ཁད་ནས་མཐུད་པ་དང་། ཉམས་ལ་ཁད་ནས་གསོས། འགྱེལ་ལ་ཁད་ནས་བསླངས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་གཡུང་དྲུང་གི་རི་མོ་དང་ལྷན་དུ་མ་བཅོས་གཤིས་ཀྱི་ངོས་ནས་རང་ལུགས་སུ་བཞེངས་པའི་སྣང་བརྙན་ཞིག་གོ།

བརྙན་ཕབ་ཀྱི་བརྒྱུད་རིམ།

ponse2ponse3འདི་ནི་དངོས་བྱུང་གཞི་འཛིན་གྱི་གློག་བརྙན་ཞིག་ཡིན་པས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདུས་སྤྱི་དང་། མིག་སུ་ཀོ Mexico EFD ཚོགས་པ་གཉིས་ནས་མོས་མཐུན་དང་རྒྱབ་སྐྱོར་འོག་ཐོག་མར་ཕྱི་ལོ་2013ཕྱི་ཟླ་10པའི་ནང་བརྙན་ལེན་མི་སྣ་དང་། གཙོ་སྒྲིག་པ་བཅས་གཏན་ཁེལ་བྱས། དེ་རྗེས་བརྙན་ལེན་མི་སྣ་རྣམས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མར་ཕྱོགས་བསྐྱོད་གནང་ནས་དཔོན་གསས་བླ་མའི་སྐུ་ཚེའི་མཛད་རྣམ་ཀྱི་རྒྱུ་ཆ་འཚོལ་བསྡུ་དང་། ponse6རྒྱུས་མངའ་ཆེ་བའི་གལ་ཆེའི་མི་སྣ་རྣམས་ལ་བཀའ་འདྲི་དང་ཞིབ་བསྡུར་ལྷུག་པོར་བྱས་པ་མ་ཟད་དཔོན་གསས་བླ་མ་དངོས་ཀྱི་གསུང་གླེང་དང་། རྣམ་ཐར། ཞལ་གདམས་བཅས་ལ་ཐོས་བསམ་ཉན་འཇོག་དང་། དོགས་འདྲི་མཐའ་གཅོད་བྱ་རྒྱུའི་གོ་སྐབས་བཟང་པོའི་འོག་ལེགས་གྲུབ་འབྱུང་ལ་ཉེ་བ་ཞིག་གོ།

དེས་ན་འདི་ནི་ཡུན་ནས་རེ་བས་བཅིངས་པའི་རྒྱ་ཆེའི་མི་མང་རྣམས་ལ་རྣ་བའི་བདུད་རྩི་རུ་འབེབ་པའི་གཏམ་བཟང་ཞིག་དང་། སྔོན་འགྲོའི་བརྡ་ཁྱབ་ཅིག་གི་དོད་དུ་དགེ་བཤེས་བསྟན་འཛིན་སྦྱིན་པས་ཕྱི་ལོ་༢༠༡༥ཟླ་༡༢ཚེས་༡༨ཉིན་ཕུལ།

19850cookie-checkདཔོན་གསས་བླ་མ་ཞེས་པའི་རྣམ་ཐར་བརྙན་ཕབ་སྐོར་གྱི་གནས་བསྡུས།
(སྤྱིའི་གཟིགས་གྲངས། 13 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

1 Response

  1. ཀླ་ཀློ་པས། ལགས་ཀྱིས:

    སྐྱབས་རྗེ་རྩ་བའི་བླ་མའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བར་བརྟེན་པར་ཤོག ཁྱེད་རྣམས་ལ་གུས་འདུད་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།