ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འཛིན་རིམ་འོག་མར་བོད་ཀྱི་སྐད་ཡིག་ཡར་སྐུལ་གྱི་གཏམ་བཤད་འགྲན་བསྡུར།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་ལྔ་པའི་འཛིན་རིམ་འོག་མར་བོད་ཀྱི་སྐད་ཡིག་ཡར་སྐུལ་གྱི་གཏམ་བཤད་འགྲན་བསྡུར་ཐེངས་དང་པོའི་གནས་བསྡུས།

སྤྱིར་སློབ་སྦྱོང་ནི་སྐད་ཡིག་དང་ཁ་བྲལ་ཐབས་མེད་ལ། དེ་བས་བོན་གྱི་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་བོད་ཀྱི་སྐད་ཡིག་ནི་རྨང་གཞིའི་ཤེས་བྱ་ཡིན་པ་རེད་། གང་ལགས་ཞེ་ན་བོན་གཞུང་ནི་བོད་ཀྱི་སྐད་ཡིག་གི་བང་མཛོད་ངོ་མ་དེ་ཡིན་ཞིང་བོན་གཞུང་གི་ནང་དུ་གནའ་བོའི་བརྡ་ཆད་གོ་དཀའ་བའི་རིགས་ཧ་ཅང་མང་བས་བོན་གཞུང་ལ་ཐོས་བསམ་བྱེད་མཁན་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་གཏིང་ཚུགས་པ་ཞིག་དགོས་ངེས་མཐོང་། དེས་ན་ད་ལན་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་བཤད་སྒྲུབ་དཔོན་སློབ་དགེ་བཤེས་གྲོས་གཙུག་ཕུད་མཆོག་བཅས་མཁན་སློབ་རྣམས་དང་གཞན་ཟུར་དཔང་དགེ་རྒན་དང་དགེ་བཤེས་རྣམས་པ་སྐབས་ཉེར་ལྔ་བའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམས་པ་བཅས་ཚང་འཛོམས་ཐོག་སྐབས་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གཙོ་སྐྱོང་གནང་སྟེ་འཛིན་རིམ་འོག་མར་བོད་ཀྱི་སྐད་ཡིག་ཡར་སྐུར་གྱི་གཏམ་བཤད་འགྲན་བསྡུར་ཐེངས་དང་པོ་དེ་ཉིད་དེ་རིང་ཕྱི་ལོ་༢༠༡༩།༦།༢༥།ཉིན་གྱི་ཞོགས་པའི་ཕྱག་ཚོད་༨ཐོག་དངོས་སུ་དབུ་བཙུག་པ་དང་དེ་ཡང་འཛིན་གྲྭ་གོ་རིམ་བཞིན་ཚད་མ་འཛིན་གྲྭ་ནས་སྤྱོད་ལམ་རྣམ་བཞི་དང་། ན་བཟའ་གོས་དྲུག རྗེས་སྲུང་ལྔ་རྩ་བ་བཞི་སོགས་ཀྱིས་མཚོན་པའི་འདུལ་བའི་སྐོར་དང་། རྟགས་རིག་འཛིན་གྲྭ་ནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་ཉིན་རེ་དང་ཟླ་རེའི་འཆར་ཅན་གྱི་སློབ་གཉེར་གནང་ཕྱོགས་དང་ལོ་རེའི་འཆར་ཅན་གྱི་སློབ་གཉེར་དང་དགོན་པའི་དགུ་དུས་མཆོད་སོགས་ཀྱི་མཚོན་པའི་དུས་ཆེན་ཁག་གི་ངོ་སྤྲོད་དང་དགོན་འདིའི་སློབ་གཉེར་གནང་ཕྱོགས་སྐོར། སྡུད་གྲྭ་འཛིན་གྲྭ་ནས་སྔགས་ཆས་དང་། འདུལ་ཆས། བོད་ཀྱི་ཕོ་མོའི་རྒྱན་གོས་སོགས་བོད་མིའི་འཚོ་བ་དངོས་དང་ཆེས་ཁ་ཐག་ཉེ་བའི་རྒྱན་གོས་སྐོར་དང་། རིག་ལམ་སྔོན་འགྲོ་འཛིན་གྲྭ་ནས་༧གསང་གསུམ་བོན་གྱི་མཛོད་འཛིན་དཔལ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གི་སྐུ་ཚེའི་མཛད་རྣམ་སྐོར་སོགས་འཛིན་གྲྭ་སོ་སོར་གཏན་འབེབས་བྱས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་རིམ་པས་སྤེལ་ཡོད། འཛིན་གྲྭ་རང་རང་སོ་སོའི་བགྲོ་གླེང་སྐབས་དྲི་བ་དྲིས་ལན་སོགས་གནང་ཡོད་པ་དང་། ཟུར་དཔང་དགེ་རྒན་རྣམས་ཀྱིས་ཀྱང་བགྲོ་གླེང་སྐབས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་སྤུས་ཚད་དང་དོན་གྱི་འགག་རྩ་བཀྲོལ་ལུགས་སྐད་ཆའི་སྒྱུ་རྩལ་སོགས་ལ་གཞིག་སྟེ་ཨང་རིམ་སྤྲད་ཡོད་པ་དང་ཕྱི་དྲོའི་ཕྱག་ཚོད་ལྔ་པ་ཐོག་གཙོ་སྐྱོང་བས་མཇུག་བསྡུས་གཏམ་བཤད་གནང་རྗེས་དཔེ་མཛོད་ཀྱི་མདུན་ཐང་དུ་ལྷན་འཛོམས་ཀྱི་དྲན་རྟེན་མཉམ་པར་བསྒྲོན་ཏེ་ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་༢༠༡༩།༦།༢༥ཉིན་སྤེལ།།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 736 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།