རྒྱལ་བ་གཤེན་གྱི་གདུང་འཛིན་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གི་འདས་མཆོད་སྲུང་བརྩི་ཞུས་པ།
དེ་རིང་སྟེ་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༠༡ པོའི་ཚེས་ ༡༤ དང་ཧོར་ཟླ་ ༡༢ པའི་ཚེས་ ༠༣ ཉིན་མོ་འདི་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་བདག་དམུ་རིགས་གཤེན་གྱི་གདུང་འཛིན་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་འདས་མཆོད་ཀྱི་ཉིན་མོ་ཡིན་པས། གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས་དུས་ཚིགས་འདི་བསྲུང་བརྩི་ཞུས་ཡོད། དེ་ཡང་རྒྱལ་བ་གཤེན་ཚང་གི་ཐུགས་ཀྱི་གཏད་སོའི་ཡི་དམ་གཙོ་བོ་གསང་སྔགས་མ་རྒྱུད་འདི་ཉིད་གནང་སྲོལ་ཡོད་པ་ལྟར་གདན་ས་འདི་ནས་གསང་མཆོག་མ་རྒྱུད་ཐུགས་རྗེ་ཉི་མའི་གཞུང་གི་དཀྱིལ་འཁོར་ཞལ་ཕྱེས་ཏེ་འདས་མཆོད་འདི་ཉིད་སྲུང་བརྩི་ཞུས་པ་ལགས་སོ། །
སྐྱ་ཀ་ཁྲ་བོས།
པར་ལེན་པ་ཁྱུང་ཐོག་རྒོད།