ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྫོགས་ཆེན་ཡོངས་རྩེ་གླིང་གི་སློབ་མ་རྣམས་ལ་གདམས་ངག་བཀའ་དྲིན་བསྐྱངས་པ།

༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ཉེ་བའི་ཆར་རོ་མན་ནིས་དང་། འཇའ་མེན་སྒོམ་གྲྭ་བཅས་སུ་དུས་བཅད་ལྟར་བསྟན་དོན་མཛད་འཕྲིན་བསྐྱངས་མཐར་སླར་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་འཁོད།  དུས་མཚུངས་༢༠༡༩ཟླ་༠༧ཚེས་༢༣ཉིན་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཨ་ཏ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ་དགེ་སློབ་རྣམས་རུ་སུད་ཀྱི་རྒྱལ་སའི་ཉེ་འཁྲིས་སུ་གནས་གཞི་བཟུང་བའི་རྫོགས་ཆེན་ཡོངས་རྩེ་གླིང་ནས་རྒྱལ་ས་མོ་སུ་ཀོའི་མཁའ་ལམ་བརྒྱུད་ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་འབྱོར་བྱུང་། དགེ་སློབ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཚེས་ ༢༤།༢༥།༢༦ བཅས་ཉིན་འགྱངས་གསུམ་གྱི་རིང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྒྲོན་མ་དྲུག་གི་གདམས་ཁྲིད་བཀའ་དྲིན་བསྐྱངས། མཆོག་ཉིད་ནས་གདམས་དོན་ཇི་ལྟར་རྫོགས་པ་ཆེན་པོའི་ཁྲིད་ལུང་མན་ངག་ལ་བློ་སྦྱོང་ཞུས་པ་བཞིན་རྒྱུན་དུ་ཉམས་ལེན་ལ་བརྩོན་རྒྱུ་ནི་འདི་ཕྱི་གཉིས་ཀྱི་ཁེ་ཕན་ཞིག་དང་། སྡུག་བསྔལ་དང་ཉོན་མོངས་ཞི་བའི་སྨན་ཆེན་དུ་ངོས་འཛིན་གནང་དགོས་པ་སོགས་ཞལ་གདམས་གནད་སྨིན་མང་པོ་བསྩལ་བ་དང་། མཇུག་ཏུ་སློབ་མ་རྣམས་ཀྱིས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་གསོལ་འདེབས་མགྲིན་གཅིག་ཏུ་དབྱངས་སུ་གྱེར་ཞིང་ཚེ་བསྙེན་གྱི་ཞབས་རིམ་དང་བཅས་ཏེ་གྱེས་མཇལ་ཞུས་རྗེས་དྲན་རྟེན་མཉམ་པར་སྒྲོན་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༩ ཟླ་ ༠༧ ཚེས་ ༢༨ ཉིན།

(སྤྱིའི་གཟིགས་གྲངས། 864 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བལ་ཡུལ་ས་ག…
error: རྩོམ་འདི་བདག་དབང་ཅན་ཡིན།