ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་གཟིགས་རྟོག་ཆེད་ཕེབས་པ།

 

 

 

 

ཕྱི་ལོ་ ༢༠༢༢ ༦ ༡༥ ཉིན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག རྒྱ་གར་བྱང་ཤར་ West Bengal ,India ཝིའི་སི་བྷིན་གྷལ་མངའ་སྡེར། རིན་པོ་ཆེ་མཆོག་ནས་གསར་འཛུགས་གནང་བའི་ tise himalayan lnternational school གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་གཟིགས་རྟོག་ཏུ་ཆེད་ཕེབས་བཀའ་དྲིན་བསྐྱངས་པ་དང་འབྲེལ། ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་སྒྲུབ་ཐོན་པ་བ་ར་བསོད་ནམས་ནོར་བུ་ལགས་དང་། གངས་ཅན་ཏི་སེ་རྒྱལ་སྤྱི་སློབ་གྲྭའི་འཛིན་སྐྱོང་ཚོགས་པའི་འགནའཛིན་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་རྒྱ་བལ་ས་མཚམས་སུ་ཕེབས་བསུ་བཅར་བ་དང་། སྔ་དྲོའི་ཕྱག་ཚོད་བརྒྱད་པའི་ཐོག་སློབ་གྲྭའི་ཚོགས་མིའི་རྒྱུན་ལས་རྣམས་དང་དགེ་རྒན་རྣམ་པའི་སྣེ་ཁྲིད་འོག སློབ་མ་རྣམས་ཁང་ཚན་བྱས་ནས་རུ་བསྟར་བསྒྲིགས་ཏེ། ཕ་མ་བུ་ཕྲུག་དང་འཕྲད་པ་ལྟ་བུའི་བཅོས་མིན་དགའ་ཚོར་དང་བཅས། རིན་པོ་ཆེ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་བཞིན་དྲི་ཞིམ་སྤོས་བསང་དང་བཅས་སློབ་གྲྭའི་མཆོད་ཁང་དུ་དལ་གྱིས་ཕེབས་བསུ་ཞུས། གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་གསོལ་ཏེ་མཎྜལ་འདེགས་འབུལ་དང་མཇལ་ཁའི་བྱིན་རླབས་ཞུས་ཤིང་བརྔན་སྐྱེས་གསོལ་བསྩལ་གནང་། བྱམས་བརྩེའི་ཐུགས་ཁུར་ཆེན་པོས་སློབ་མའི་བདེ་སྡུག་གསན་གཟིགས་གནང་བ་དང་། རིན་ཐང་ཆེ་བའི་བཀའ་སློབ་བཀའ་དྲིན་བསྐྱངས་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཏི་སེའི་བུ་ནས་ཕྱི་ལོ་ ༢༠༢༢ ༦ ༡༥ ཉིན་གངས་ཅན་ཏི་སེའི་སློབ་གྲྭ་ནས་སྤེལ།། །།

པར་པ་ཏི་སེའི་བུ།

(སྤྱིའི་གཟིགས་གྲངས། 694 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོན་དཔེ་དྲ…
error: རྩོམ་འདི་བདག་དབང་ཅན་ཡིན།