ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ་མཁན་པོ་ཨ་དཀར་བ་མཆོག་ནས་འཚོ་སྣོན་མཐུན་སྦྱོར་རྒྱ་ཆེར་གནང་བ།

 

 

 

 

ཕྱི་ལོ་ ༢༠༢༡ ༢༤ ཉིན་བོད་ལྕགས་གླང་ལོའི་ཧོར་ཟླ་ ཚེས་ ༡༥ ཉིན་གྱི་དུས་འགྱུར་ཁྱད་པར་དང་བསྟུན། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་གསང་གསུམ་གྱི་མཛད་འཕྲིན་ཐམས་ཅད་ཟླ་བ་ཡར་ངོ་བཞིན་གོང་ནས་གོང་དུ་འཕེལ་བའི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ། ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་མཁན་པོ་ཨ་དཀར་བ་འཆི་མེད་བློ་བཟང་རིན་པོ་ཆེ་ནས། གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྡེ་དང་སྔར་སྲོལ་གསོ་རིག་འབུམ་བཞི་གཉིས་ལ་ལོ་གཅིག་གི་བཟའ་ཆས་རིགས་འབྲས་རྡ་ལི་གྲོ་ཕྱེ་ཟ་སྣུམ་ཚ་སོགས་འགྲོ་གྲོན་ཆ་ཚང་དང་། ཤེས་རིག་ཕུན་ཚོགས་གླིང་ལ་འཚོ་རྟེན་ཆེད་དུ་སྒོར་འབུམ་བཅུ། འགོག་ཁབ་ཀྱི་ཆེད་དུ་འགྲོ་སོང་ཐམས་ཅད་དང་། དགོན་པའི་ལྷ་སྡེ་ཡོངས་ལ་འཚོ་སྣོན་ཆེད་དུ་གྲོ་འབྲས་དང་སྣུམ་ཚྭ་ཁ་རས་བཅས་དང་། ཉིན་གཅིག་གི་རིང་འདུས་མང་གཉིས་ཀ་ཞལ་ལག་རྒྱས་འབུལ་བཅས་ཀྱི་སྦྱིན་བདག་ཆ་ཚང་གནང་བ་དང་འབྲེལ། སྔ་དྲོའི་ཕྱག་ཚོད་ ༡༡ ཐོག་འདུས་མང་ལྷན་འཛོམས་ཐོག་ཞབས་རིམ་ཚེ་སྒྲུབ་དང་བར་ཆོད་ལམ་སེལ་གསོག་སྒྲུབ་གནང་གྲུབ་རྗེས་སུ་ཉིན་གུང་འདུས་མང་ཡོངས་ལ་བཞེས་ལག་རྒྱས་འབུལ་དང་། ཕྱི་དྲོའི་ཆུ་ཚོད་དང་པོ་ཐོག་དགོན་གྱི་ལྷ་སྡེ་ཡོངས་ལ་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམ་པས་འཚོ་སྣོན་བགོ་འགྲེམ་གནང་བ་བཅས་ཀྱི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༢༤ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 1,919 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅་།འཛམ་གླ…
error: རྩོམ་འདི་བདག་དབང་ཅན་ཡིན།