ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་རྩ་བའི་བླ་མས་འཕོ་ཁྲིད་ཀྱི་གདམས་ངག་བསྩལ་བ།

བརྒྱུད་གསུམ་བསྟན་པའི་མངའ་བདག གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་མཚན་བརྗོད་པར་དཀའ་བ་སྟེ་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དེང་འདིར་དགུང་གྲངས་གོ་དྲུག་ཕེབས་ཀྱང་སྐུ་ཁམས་བདེ་བར་འཚོ་ཞིང་བཞེས་པ་མ་ཟད་བསྟན་འགྲོའི་འཕྲིན་ལས་ལ་གཡེལ་བ་མེད་པར་བཞུགས་པ་ནི་བསོད་ནམས་ཀྱི་དཔལ་དུ་ཆེ། ཉེ་བའི་ཆར་༧དཔལ་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་གཙོས་གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་ནས་རྫོགས་ཆེན་བསྒྲགས་གསུམ་གྱི་སྒོམ་གྲྭའི་བཅའ་གཞི་ལོ་རིམ་གཉིས་པའི་སྦྱང་ཚན་དུ་དམིགས་ནས་རྫོགས་པ་ཆེན་པོ་ཡང་རྩེའི་འཕོ་ཁྲིད་ཅིག་༧སྐྱབས་རྗེ་རྩ་བའི་བླ་མར་ཐུགས་རེ་དང་དགོས་འདུན་ཕུལ་བ་བཞིན་༧སྐྱབས་རྗེ་མཆོག་ནས་དེ་དོན་ཡང་རྩེའི་འཕོ་ཁྲིད་ཟབ་ཅིང་དམར་བ་ཞིག་ལྗགས་རྩོམ་བཀའ་དྲིན་ཆེ་སྐྱོང་གནང་བྱུང་བ་དང་། སྒོས་སུ་༧གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ལམ་སྟོན་འོག་དེ་རིང་བླ་མ་མཁན་པོ་དང་། དགེ་བཤེས་གྲྭ་བཙུན་བཅས་ཉུང་འདུས་ཤིག་ལ་འཕྲུལ་ལམ་བརྒྱུད་༧སྐྱབས་རྗེ་རྩ་བའི་བླ་མས་གོང་གི་འཕོ་བའི་ཁྲིད་ལུང་བཀའ་དྲིན་བསྩལ་བ་ནི་ཨེ་མ་ངོ་མཚར་ཆེ་བའི་ཞལ་འཛོམས་ཤིག་དང་། བདག་ཅག་རྣམས་ཀྱིས་གདམས་ངག་གི་ཕ་འབབ་ཐོབ་པ་ཞིག་ཡིན་པས་ན། བཀའ་དྲིན་དྲན་བསམ་གྱི་ཀློང་ནས་ནམ་ཡང་འདོར་དུ་མེད་པའི་དྲན་བསྐུལ་དང་། མཆོག་སྐུ་མི་ཤིག་གཡུང་དྲུང་གི་གུར་དུ་ཡུན་ནས་ཡུན་དུ་འཚོ་ཞིང་བཞེས་པའི་སྨོན་ལམ་དང་བཅས།

དགེ་བཤེས་བསྟན་འཛིན་སྦྱིན་པས་ཕྱི་ལོ་ ༢༠༢༡ ཟླ་ ༠༥ ཚེས་ ༠༥ ཉིན།

(སྤྱིའི་གཟིགས་གྲངས། 332 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།