ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ནུབ་ཕྱོགས་ཁུལ་དུ་མཛད་ཕྲིན་བསྐྱངས་པ།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་༢༠༡༧ལོར་ནུབ་ཕྱོགས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་གསུམ་གྱི་དད་ལྡན་ཚོས་གདན་ཞུས་བྱས་པ་བཞིན་ནུབ་ཕྱོགས་སུ་ཕེབས་ཏེ་དད་ལྡན་སློབ་མ་ཚོ་ལ་གང་ལ་གང་དགོས་ཀྱི་བོན་བསྟན་ཏེ་འགྲོ་བའི་ཤེས་རྒྱུད་དཀྲོལ་ནས་བསྟན་འགྲོ་དོན་ཆེན་བསྐྱངས་གནང་བ་ནི།

3.pic 2.pic_hdཐོག་མར་༢༠༡༧ཟླ་བ་༠༥ཚེས་༣༡ཉིན་ནས་བལ་ཡུལ་གྱི་མཁའ་ལམ་བརྒྱུད་ཏེ་franceཧྥ་རན་སི་ཡི་རྒྱལ་ས་paris་པི་རིས་སིས་ལ་དད་ལྡན་སློབ་མ་མི་ཉུང་བ་ཞིག་ལ་ཉིན་གཉིས་ཀྱི་རིང་ལ་༼ལས་རྒྱུ་འབྲས་དང་ཉམས་ལེན་གྱི་འབྲེལ་བ་སྐོར་༽ཞེས་པའི་བརྗོད་གཞི་ཐོག་ནས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་འཇོག་སྟངས་དང་ལས་རྒྱུ་འབྲས་དང་ཉམས་ལེན་བར་གྱི་འབྲེལ་བ་གང་འདྲ་ཡོང་གི་ཡོད་པའི་སྐོར་གྱི་བོན་ཁྲིད་ཟབ་རྒྱས་གནང་། དེའི་རྗེས་Holandཧོ་ལན་ཌི་ཏ་པི་ཧྲི་ཙའི་བོན་ཚོགས་སུ་ཕེབས་ཏེ་དེའི་ཕྱོགས་ཀྱི་ས་གནས་ཁག་གསུམ་གྱི་ནང་རྒྱལ་བ་ཕྱག་ཁྲིད་ནང་གི་དངོས་གཞི་སྐོར་དང་རྨི་བ་ལམ་འཁྱེར་སྐོར་དང་སྒོམ་གྱི་དངོས་གཞི་ངོ་སྤྲོད་སྐོར་བཅས་ཀྱི་བོན་ཁྲིད་གནང་། གཞན་ཡང་སྨན་གྱིས་བཅོས་མི་ཐུབ་པ་ཤི་ནད་ཕོག་ཟིན་པའི་ནད་པ་འཆི་སའི་སྡེ་ཚན་གྱི་ནད་པ་བལྟ་སྐྱོང་བྱེད་མཁན་གྱི་སྨན་ཞབས་པ་བཞི་བཅུ་ཡན་མན་ཞིག་ལ་ནད་པ་ལ་བསླབ་བྱ་གང་འདྲ་རྒྱག་དགོས་པའི་སྐོར་དང་། མི་ཤི་སྟངས་དང་འབྱུང་བའི་བསྡུ་རིམ་དང་འཆི་ཁ་བསམ་མནོ་གང་འདྲ་གཏང་དགོས་མིན་དང་། བོན་གྱི་གཞུང་ལུགས་ནང་གི་འཆི་ཁའི་ངོ་སྤྲོད་སྐོར་བཅས་ཀྱི་བོན་ཁྲིད་ཟབ་རྒྱས་གནང་།2222 4དེ་ནས་franceཧྥ་རན་སིའི་marseilleམ་སི་རུ་ཕེབས་ཏེ་ས་གནས་དེ་རུ་ཡེ་ཁྲི་མཐའ་སེལ་ནང་ནི་སེམས་འཛིན་སྐོར་ནས་ཉིན་གཉིས་ལ་དཔེ་ཁྲིད་གནང་། དེ་ནས་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་ཏེ་ཉིན་དྲུག་གི་རིང་རྒྱལ་བ་ཕྱག་ཁྲིད་ནང་དངོས་གཞི་སྐོར་ནས་དཔེ་ཁྲིད་གནང་།

23དེ ནས་polandཔོ་ལན་ཌི་ལིག་མིན་རྐྱའི་བོན་ཚོགས་བྱམས་མ་གླིང་གིས་གདན་ཞུས་བཞིན་པོ་ལན་གྱི་རྒྱལ་ཁབ་ལ་ཕེབས་ཏེ་པོ་ལན་ལིག་མིན་རྐྱའི་བོན་ཚོགས་བྱམས་པ་གླིང་ལ་ཚེས་༡༣ནས་༡༦བར་ཉིན་བཞིའི་རིང་ཞི་གནས་ཀྱི་ཉམས་ལེན་དང་སྟོང་ཉིད་ཀྱི་ཉམས་ལེན་སྐོར་དང་སྟོང་ཉིད་ཉམས་ལེན་གྱི་རྨང་གཞི་གང་འདྲ་དགོས་པའི་སྐོར་གྱི་དཔེ་ཁྲིད་གནང་སྟེ་ཧྥ་རན་སིའི་རྒྱལ་ས་པི་རིས་སི་ལ་ཕེབས། དེ་ནས་མཁའ་ལམ་བརྒྱུད་དེ་༢༠༡༧ཟླ་༠༧ཚེས་༢༡ཉིན་བལ་ཡུལ་ལ་ཕེབས་ནས་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་འཁོད་པ་བཅས་ཀྱི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༧ཟླ་བ་༠༧ཚེས་༢༢ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 57 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།