ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པའི་འཁྲུངས་མཆོད་དང་སྒྲུབ་ཐོན་མཛད་སྒོ་སྤེལ་བའི་གནས་བསྡུས།

༧ དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་སྟོན་པའི་འཁྲུངས་མཆོད་དང་སྒྲུབ་ཐོན་མཛད་སྒོ་སྤེལ་བའི་གནས་ཚུལ།

༣སྟོན་པའི་འཁྲུངས་མཆོད།༢༠༡༦༄༅། །འབྱུང་ལྡན་(༣༠༡)རྒྱལ་ཟླ་བའི་ཚེས་༡༥ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་འགྲོ་བ་གཞན་ཕན་གྱི་ཆེད་དུ་འཇིག་རྟེན་འདིར་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༼༡༨༠༣༣༽འཁོར་བའི་དུས་ཚིགས་ཁྱད་པར་ཅན་ལ་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་དང་མཉམ་འབྲེལ་ཐོག་བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདུས་སྡེས་སྟོན་པའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པའི་མཛད་རིམ་གཤམ་གསལ།

  དེ་ཡང་༢༠༡༦།༡།༢༣།ཧོར་ཟླ༡༢པའི་ཚེས་༡༤ཉིན་ནས་བཟུང་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་མཉེས་པའི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱས་པར་ཕུལ་བ་དང་།

    ༤སྟོན་པའི་འཁྲུངས་མཆོད།༢༠༡༦༦སྟོན་པའི་འཁྲུངས་མཆོད།༢༠༡༦ཚེས་༡༥་ཕྱག་ཚོད་༩པའི་ཐོག་ལྷ་སྡེ་མི་མང་རྣམས་སེར་ཕྲེང་ཆེན་མོར་མཉམ་ཞུགས་གནང་། དེ་རྗེས་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་མཛད་སྒོའི་ཚོམ་ཆེན་དུ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་། བལ་ཡུལ་རྒྱལ་ཁོངས་སུ་ཆགས་པའི་བོན་གྱི་དགོན་སྡེ་ཁག་གི་འཐུས་ཚབ་དང་། ལྷ་སྡེ་མཉམ་འཛོམས་ཐོག་སྟོན་པའི་དུས་ཆེན་ལ་སྲུང་བརྩི་ཞུས་ཏེ་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་མཛད་སྒོའི་ངོ་སྤྲོད་གནང་བ་དང་། འོམ་ ལོ་ཨཅརྱ་བསྟན་འཛིན་དབང་ཕྱུག་གིས་མཛད་རིམ་སྙན་སྒྲོན་ཞུས། སྟོན་པའི་འཁྲུངས་མཆོད།༢༠༡༦5 copy   ༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྟོན་པའི་དུས་ཆེན་ངོ་སྤྲོད་དང་སྙིང་པོ་རྣམ་གསུམ་གྱི་འགྲེལ་དང་ཕན་ཡོན། དགེ་སྡིག་སྤང་བླང་གི་སྐོར་ནས་བཀའ་སློབ་ལམ་སྟོན་གནད་སྨིན་བསྩལ་གྲུབ་མཚམས་སྟོན་པའི་སྐུ་བརྙན་རིན་པོ་ཆེ་ལ་མཇལ་དར་ཕུལ། དགོང་མོ་བླ་མ་མཆོད་པ་གསུངས་ཏེ་གཤེན་རབ་མཆོད་རྔ་བརྡུངས་རྗེས་སྣང་གསལ་སྒྲོན་མེ་དང་། མཆོད་གློག་སྤར་ནས་སྟོན་པའི་རྒྱལ་པོ་དབྱངས་སུ་གྱེར་བཞིན་སྒོ་གསུམ་དགེ་བའི་ལས་ལ་བསྲེས་ཏེ་གཤེན་གྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས།

༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དགོས་པ་སྐབས་བསྟུན་གྱི་སྒྲུབ་གྲྭའི་བཅའ་གཞི་གཏན་འབེབས་མཛད་པ་བཞིན། ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་རྫོགས་ཆེན་བླ་མེད་སྡེ་བཞིའི་གཞུང་ལུགས་གཙོས་པའི་མདོ་སྔགས་བོན་གྱི་རྒྱ་མཚོ་ལ་དཔེ་ལྟ་དང་། དཔེ་ཁྲིད། ལུས་སྦྱོང་དང་བློ་སྦྱོང་སྐོར་ནས་ཉམས་ལེན་ཚུལ་མཐུན་གནང་སྟེ་ལོ་གྲངས་གི་བཅད་མཚམས་རྫོགས་པའི་སྐབས་སུ་འདུས་སྡེའི་དབུས་ནས་ཆེ་འདོན་དང་མཚན་རྟགས་གནང་བའི་ལུགས་སྲོལ་ཡོད་པ་ལྟར།

འདི་ལོར་ཁྱུང་ཆེན་དྲང་སྲོང་ཁྲི་ལྡེ་འོད་འབར་མཆོག་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པའི་མཚན་རྟགས་བཞེས་ནས་འདུས་སྡེ་རིན་པོ་ཆེ་ལ་མང་ཇ་དང་འབྲས་སིལ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། འདུས་སྡེ་རྣམ་པས་ཡི་རངས་དང་ཐུགས་སྨོན་གང་ཟབ་སྐྱབས་འཇུག་གནང་བ་དང་འབྲེལ་བླ་སྤྲུལ་དགེ་བཤེས་གྲྭ་མང་དང་། དད་ལྡན་ལྷ་སྡེ་ཡོངས་ཀྱིས་མཇལ་ཁ་ཞུས་ཏེ་རྟེན་འབྲེལ་གྱི་ལྷ་དར་དང་མཐུན་འགྱུར་ཕན་ཐོག་བཅས་ཕུལ་ནས་མཛད་སྒོ་མཇུག་ལེགས་པར་གྲུབ་བོ།། ཏི་སེའི་བུ་ནས་༢༠༡༦།༡།༢༣།ཉིན་སྤེལ།

སྟོན་པའི་འཁྲུངས་མཆོད་སྐབས། གཤེན་བསྟན།      ཡུ་རོབ་ཁུལ་དུ་གནས་བཅས་པའི་བོན་དགོན་ཧྥ་རན་སི་ France གཤེན་བསྟན་དར་རྒྱས་གླིང་དང་། ཨོ་སི་ཀྲུ་རིས་ཡ་ Austria ཡེ་ཤེས་གསལ་གླིང་གཉིས་ནས་ཀྱང་རྒྱལ་ཟླ་བའི་བཅོ་ལྔ་ལ་ལོ་བསྟར་སྟོན་པའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ལོའི་དུས་ཚིགས་ཁྱད་པར་ཅན་ཏེ་ཁ་སང་བོད་ཚེས་ ༡༤ དང་དེ་རིང་ ༡༥ གཉིས་ལ་བླ་གྲྭ་གཙོ་འཁོར་རྣམས་ཀྱིས་བདེར་གཤེགས་སྨོན་ལམ་མཐའ་ཡས་དཀྱིལ་འཁོར་ཞལ་ཕྱེས་ནས་མཆོད་འབུལ་དང་། སྒྲིབ་སྦྱང་གི་ལས་ལ་བརྩོན་པའི་གནས་བསྡུས་སུ།

སྲིད་པའི་མིག་ནས།

(སྤྱིའི་གཟིགས་གྲངས། 89 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་གི་…
error: རྩོམ་འདི་བདག་དབང་ཅན་ཡིན།