ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྨན་རིའི་དགེ་བཤེས་ཤེལ་ཞིག་བསྟན་འཛིན་ཉི་མ་འོད་ཟེར་རིན་པོ་ཆེ་མཆོག་བླ་མ་ཁྲི་བཞེངས་གནང་བའི་མཛད་སྒོའི་གནས་བསྡུས།

गेसे तेन्जिन ङिमा होसेर रिन्पोछे काईगाउ,हुरिकोट युङडुङ डोदुललिङ गुन्बाको खेन्पोको गद्दी अाशन गरिएको जानकारी गराइन्छ 

(Geshe Tenzin Nyima Woser Rinpoche Khenpo throne appointed of Yungdrung dhodul ling monastery.)

བལ་ཡུལ་ཀརྣ་ལའི་མངའ་སྡེའི་དོལ་པོ་རྫོང་ཁོངས་ཀ་ཡི་གྷའུ་ཡུལ་རིས་སྐོར་དུ་གནས་ཆགས་གཡུང་དྲུང་འགྲོ་འདུལ་གླིང་དགོན་(Dolpa district,Karnali zone,Jagdulla rural municipality-ward no.2 ,kaigaun Hurikot “Yungdrung Dhodul ling Monastery.)གྱི་འདུས་སྤྱི་དང་ལྷ་སྡེ་ཐུན་མོང་གིས། དགོན་འདི་ཐོག་མར་ཕྱག་འདེབས་མཁན་སྨན་རིའི་དགེ་བཤེས་ཤེལ་ཞིག་བསྟན་འཛིན་ཉི་མ་འོད་ཟེར་རིན་པོ་ཆེ་མཆོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བླ་མ་ཁྲི་བཞེངས་གནང་དགོས་པའི་རེ་སྐུལ་ཡིག་ངག་གཉིས་ཐོག་ནས་འབྱོར་ཞིང་། དགེ་བཤེས་བསྟན་འཛིན་ཉི་མ་འོད་ཟེར་རིན་པོ་ཆེ་ལགས་ནི། ཕྱི་ལོ་ ༡༩༤༦ ལོར་དོལ་པོ་སྤུངས་མོ་ཞེས་པའི་ས་གནས་དེར་འཁྲུངས། ༡༩༧༨ ལོར་གདན་ས་སྨན་རིའི་གླིང་གི་བཤད་གྲྭར་ཐོག་མར་འཛུལ་ཞུགས་གནང་། ཕྱི་ལོ ༡༩༨༦ ༢ ༢༥ ཉིན་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་བཞེས་ཤིང་། ཁོང་ནི་དུས་འགྱུར་རྗེས་སུ་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་མདུན་ནས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་མཁན་ཐོག་མའི་གྲས་ཡིན་པ་དང་། དེ་ནས་བཟུང་དོལ་པོར་ཕེབས་ཏེ་གནས་ཆེན་ལྗགས་འདུལ་གྱི་ཉེ་འགྲམས་ཀ་ཡི་གྷཾ་ཡུལ་རིས་སྐོར་དུ་གཡུང་དྲུང་འགྲོ་འདུལ་གླིང་དགོན་འདི་གསར་བཞེངས་དང་། དེ་གའི་ཡུལ་མི་སྔོན་ནས་བོན་པོ་ཡིན་ཀྱང་མི་རབས་དུ་མར་ཉམས་གུད་ཕྱིན་པ་རྣམས་སླར་གསོ་དང་། སྨན་ཁང་གསར་རྒྱག སློབ་མ་དང་གྲྭ་བཙུན་གསོ་སྐྱོང་སོགས་ཀྱི་མཛད་འཕྲིན་གཅིག་བས་གཅིག་གལ་ཆེ་བ་རྣམས་ད་བར་ལྷག་བསམ་རྣམ་དག་དང་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་གནང་བཞིན་པར་རང་གཞན་ཀུན་གྱིས་ཡི་རངས་དང་བསྟོད་བསྔགས་ཀྱི་གནས་སུ་གྱུར་པ་མ་ཟད། བླ་མ་ཁྲི་བཞེངས་ཀྱི་འོས་བབ་ཅི་ནས་ཀྱང་ཡོད་པར་གཟིགས་ཏེ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་སྤྱིར་གཡུང་དྲུང་བོན་དང་སྒོས་སུ་གཡུང་དྲུང་འགྲོ་འདུལ་གླིང་གི་བསྟན་པ་དང་འབྲེལ་ཡོད་ལྷ་སྡེ་རྣམས་ཀྱི་ཕན་བདེའི་གསོས་སུ་དགོངས་བཞེས་ཐོག་ཁྲི་བཞེངས་གནང་རྒྱུར་ཐུགས་མོས་བཀའ་ཁྲོལ་གནང་བ་ལྟར། དེ་རིང་བོད་ལྕགས་བྱི་ལོའི་ཧོར་ཟླ་ ༡ པོའི་ཚེས་ ༧ ་ཏེ། ཕྱི་ལོ་ ༢༠༢༠  ༣  ༡  རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༡༠ ཐོག་དགེ་བཤེས་བསྟན་འཛིན་ཉི་མ་འོད་ཟེར་རིན་པོ་ཆེ་མཆོག་སྤྱན་རྒྱ་སྤོས་མེ་དང་བཅས་གདན་ས་ཁྲི་བརྟན་ནོར་རྩེའི་གཙུག་ལག་ཁང་དུ་གདན་དྲངས་ཏེ་ཁུལ་དེ་གའི་རྫོང་དཔོན་(The respected president of Jagdulla rural municipality Narasing Rokaya) जगदुल्ला गाउपालिकाका माननिय अध्यक्ष नारसिङ रोकाया।ན་ར་སིང་རོ་ཀ་ཡ་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་དང་ལྷ་སྡེ་མི་མང་མཉམ་འཛོམས་ཐོག་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་སུ་གྲྭ་སའི་སྒྲིག་སྲོལ་ལྟར་བླ་མ་ཁྲི་བཞེངས་མཛད་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་། འདུས་མང་ཡོངས་ནས་མཇལ་ཁ་རིམ་པར་ཞུ་གྲུབ་རྗེས་སུ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་འབྲེལ་ཡོད་དད་སྦྱིན་དང་ལྷ་སྡེ་རྣམས་ལ་ཁོང་གི་བཀའ་དྲིན་མཛད་པ་ནམ་ཡང་མི་བརྗེད་པར་སྙིང་དབུས་སུ་བཅང་པའི་ཐོག་ནས་སྔར་བཞིན་རོགས་འདེགས་ཇི་དགེར་ཞུ་དགོས་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་གནང་བ་དང་། ཐེངས་འདིའི་བླ་མ་ཁྲི་བཞེངས་ཀྱི་མཛད་སྒོ་དེ་ཉིད་བཀྲ་ཤིས་བྱིན་ཆེ་དགེ་ལེགས་ཕུན་སུམ་ཚོགས་པའི་ངང་ནས་མཇུག་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,198 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་གྱི་འ…
error: རྩོམ་འདི་བདག་དབང་ཅན་ཡིན།