ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

࿉སྐབས་༢༢པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཇུག་སྡོམ།

༄༅།། བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་༢༢་པའི་བཤད་སྒྲུབ་འདུས་སྡེ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ་བཅས་ཀྱི་ལོ་འཁོར་མཇུག་སྡོམ་ཆེན་མོའི་གནས་ཚུལ།

①ཕྱི་ལོ་ ༢༠༡༧། ༢། ༡༥། བོད་མེ་སྤྲེལ་ལོའི། ཟླ༡༢། ཚེས་༢༠། ཉིན་བཤད་སྒྲུབ་འདུས་སྡེའི་ལས་འཛིན་རྣམ་པའི་གོ་སྒྲིག་འོག་སྔ་དྲོ་ཕྱག་ཚོད་ ༨ ཐོག༸སྐྱབས་རྗེ་མཁན་རིན་པོ་ཆེ་དང་། དཔོན་སློབ་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་རྣམ་པ། དགེ་བཤེས་རྣམ་པ། བཙའ་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་། བཤད་སྒྲུབ་སློབ་གཉེར་བ་རྣམ་པ་བཅས་ཆེས་མཐོའི་གཙུག་ལག་སློབ་གླིང་ཁང་དུ་འཛོམས་ནས། དགེ་སྐོས

ལོ་འཁོར་རྒྱུགས་སྤྲོད་ཀྱི་བརྒྱ་ཆའི་ཨང་ཐོབ་རྣམ་པ།

ལོ་འཁོར་རྒྱུགས་སྤྲོད་ཀྱི་བརྒྱ་ཆའི་ཨང་ཐོབ་རྣམ་པ།

སྐབས་༢༢པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལི་ཐང་བློ་གྲོས་འོད་གསལ་ལགས་ནས་ཚོགས་འདུའི་མཛད་རིམ་ངོ་སྤྲོད་དང་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་བ་དང་།

②སྐབས་༢༢་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཁྱུང་པོ་གཙུག་ཕུད་དབང་རྒྱལ་ལགས་ནས་བཤད་སྒྲུབ་སློབ་གཉེར་བ་རྣམས་ལོ་འཁོར་གཅིག་གི་རིང་། ཚོགས་དང་། རྩོད་པ། དཔེ་ཁྲིད། དམ་བཅའ། རིག་གནས་བགྲོ་གླེང་སོགས་སྒེར་དོན་དུ་ཆད་པ་དང་། སློབ་གཉེར་བས་སྒེར་དོན་དུ་དགོངས་ཤོག་ཕུལ་གྲངས་བཅས་པ་སྒྲོག་སྦྱོང་གནང་། སྐབས་༢༢པའི་སྒྲུབ་གྲྭའི་དགེ་སྐོས་ཁྲོམ་ཚང་ཨ་ཁུ་ཤེས་རབ་མཐར་ཕྱིན་ལགས་ནས་སྒྲུབ་གྲྭ་བའི་ཐུན་དང་བསགས་སྦྱང་སྒེར་དོན་ཆད་པ་རྣམས་སྒྲོག་སྦྱོང་གྲུབ་རྗེས་སུ།

སྐབས་༢༢པའི་འཛིན་གྲྭ་སྤྱི་ཡི་བརྒྱ་ཆའི་ཨང་ཐོབ།

སྐབས་༢༢པའི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སྐབས་ཀྱི་འཛིན་གྲྭ་སྤྱི་ཡི་བརྒྱ་ཆའི་ཨང་ཐོབ།

ལོ་ངོ་གཅིག་ནས་བཅུའི་བར་དུ་ཚོགས་དང་འཆད་ར་གང་ཡང་མ་ཆད་པའི་སློབ་གཉེར་བ་རྣམ་པ།

ལོ་ངོ་གཅིག་ནས་བཅུའི་བར་དུ་ཚོགས་དང་འཆད་ར་གང་ཡང་མ་ཆད་པའི་སློབ་གཉེར་བ་རྣམ་པ།

③སྐབས་ཉེར་གཉིས་དང་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་བརྗེ་ལེན་བྱས།
གྲྭ་ཚང་གི་ལས་སྣེ་བ་དང་། བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་རྣམ་པས་གསུང་བཤད་རིམ་བཞིན་གནང་།
④དེ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་ལོ་གྲངས་ཧྲིལ་པོ་གཅིག་ནས་བཅུའི་བར་རྩོད་པ། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་གང་ཡང་མ་ཆད་པའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་ལོ་གྲངས་མང་ཉུང་ལ་དཔག་པའི་དམིགས་བསལ་གཟེངས་རྟགས་གནང་། དེ་བཞིན་དམིག་བསལ་ངག་རྒྱུགས་སྡུད་གྲྭའི་ངོས་འཛིན་བློ་གསལ་འཇུག་སྒོ།  ཀུན་མཁྱེན་ཉི་མའི་ཤེར་ཕྱིན་སྐབས་གཉིས་པ། མངོན་རྟོགས་རྒྱན། ཐེག་རིམ་སྔགས་འགྲེལ། ཞང་ཞུང་སྙན་རྒྱུད་ཀྱི་རྒྱུད་བུ་ཆུང་བཅུ་གཉིས་བཅས་ངག་རྒྱུགས་འཕར་མ་འབུལ་མཁན་གྱི་སློབ་གཉེར་བ་རྣམས་ལ་བྱ་དགའི་གཟེངས་རྟགས་རིམ་པར་གནང་བ་དང་། བཤད་སྒྲུབ་འདུས་སྡེའི་སློབ་གླིང་ཁྲོད་ནས་ལོ་འཁོར་གྱི་བྲིས་རྒྱུགས་དང་རྩོད་རྒྱུགས། འཆད་རྒྱུགས། རིག་གནས་རྒྱུགས་སྤྲོད། ངག་རྒྱུགས་བཅས་ཀྱི་བརྒྱ་ཆའི་ཨང་ཐོབ་པ་རྣམས་ལ་གཟེངས་རྟགས་དང་བྱ་དགའ་གནང་།

⑤གཞི་རིམ་སློབ་གྲྭའི་སློབ་སྤྱི་དོན་གྲུབ་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་སྟེ། སློབ་གྲྭའི་ཁྲོད་ནས་ཡིག་གཟུགས་འགྲན་བསྡུར་དང་། ཚན་རིག དབྱིན་བལ་བོད་གསུམ་སྐད་ཡིག ལོ་རྒྱུས་དྲི་བ་དྲིས་ལན། སྲོལ་རྒྱུན་རི་མོ། དེང་དུས་རི་མོ། ཡ་རབས་ཀུན་སྤྱོད་། སྤྱི་ཡོངས་ཀྱི་ཐད་ནས་བརྒྱ་ཆའི་ཨང་རིམ་མཐོ་ཤོས་ཀྱི་སློབ་ཕྲུག་རྣམས་ལ་བྱ་དགའ་གནང་།

དམིགས་བསལ་ངག་རྒྱུགས་འབུལ་མཁན།

དམིགས་བསལ་ངག་རྒྱུགས་འབུལ་མཁན།

གསོ་རིག་འབུམ་བཞི་དང་གཞི་རིམ་སྔོན་འགྲོ།ི་སློབ་གྲྭ་ཨང་ཐོབ་རྣམ་པ།།

གསོ་རིག་འབུམ་བཞི་དང་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་བརྒྱ་ཆའི་ཨང་ཐོབ་རྣམ་པ།

⑥སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་གསུང་བཤད་གནང་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་ལེན་བྱས། གསོ་རིག་བྲིས་རྒྱུགས་དང་ངག་རྒྱུགས། དབྱིན་བལ་བོད་ཀྱི་སྐད་ཡིག རྩིས་རིག འཚོ་བའི་རྒྱུན་ཤེས་སྐོར། རྒྱལ་རབས་ལོ་རྒྱུས། ཡ་རབས་ཀུན་སྤྱོད། སྤྱི་ཡོངས་ཀྱི་ཐད་ནས་བརྒྱ་ཆའི་ཨང་རིམ་མཐོ་ཤོས་བཟང་པོ་སུམ་ལྡན་གྱི་སློབ་ཕྲུག་རྣམས་ལ་དམིགས་བསལ་གྱི་བྱ་དགའ་དང་གཟེངས་རྟགས་གནང་།

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་མའི་བརྒྱ་ཆའི་ཨང་ཐོབ།

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་མའི་བརྒྱ་ཆའི་ཨང་ཐོབ།

⑦དེ་ནས་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། དཔོན་སློབ་རིན་པོ་ཆེ། ༸སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པས་ཡ་རབས་ཀུན་སྤྱོད་དང་།_DSC8280 སྒྲིག་གཞི་བརྩི་སྲུང་། སློབ་སྦྱོང་བྱེད་ཕྱོགས་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་བསྩལ་གྲུབ་རྗེས་སུ།
སྐབས་༢༢པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཙུག་ཕུད་དབང་རྒྱལ་ལགས་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་གྱི་ཚོགས་འདུ་མཇུག་སྡོམ་གཏམ་བཤད་གནང་ནས་དྲན་རྟེན་འདྲ་པར་བཏབས་ཏེ། ཕྱག་ཚོད་༢ཐོག་ལོ་འཁོར་མཇུག་སྡོམ་ཚོགས་འདུ་གྲུབ་པ་བཅས་ཀྱི་གནས་ཚུལ་ཉུང་འདུས་སུ་ཏི་སེའི་བུ་ནས་ ༢༠༡༧། ༢། ༡༥།ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 67 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔྱད་བརྗོད…
error: རྩོམ་འདི་བདག་དབང་ཅན་ཡིན།