ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཁུལ་དུ་སློབ་ཁྲིད་གནང་བཞིན་པ།

1.pic_hd2.pic_hdརྒྱ་ཆེའི་གཞུང་ལུགས་ཀྱི་གནད་ལ་ཐོས་བསམ་དང་འཆད་རྩོད་ཀྱིས་ཞུན་བརྡར་གནང་ནས་མདོ་སྔགས་རབ་འབྱམས་རྒྱ་མཚོའི་དགོངས་དོན་ཐུགས་སུ་ཆུད་པའི་ཡོངས་ཀྱི་བཤེས་གཉེན་སློབ་དཔོན་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་ཉེ་ཆར་ཡུ་རོབ་ཁུལ་དུ་ཕེབས་པ་དང་། ལོ་བསྟར་གྱི་བསྟན་དོན་མཛད་འཕྲིན་བཞེས་ནས་མཁན་ཟུར་ཉི་མ་དབང་རྒྱལ་མཆོག་དང་། དགེ་བཤེས་ལུང་རིག་རྣམ་དག་སྐུ་འཁོར་དང་བཅས་ལྟོས་བཅས་དད་ལྡན་རྣམས་ལ་ཐར་ལམ་གྱི་འཇུག་སྒོ་མ་ནོར་བར་སྟོན་བཞིན་པ་སྟེ། ཐོག་མའི་འགྲུལ་བཞུད་ཀྱི་ས་ཚིགས་རྒྱལ་ས་པེ་རིས་སུ་རུ་དད་ལྡན་སློབ་མ་མི་ཉུང་བ་ཞིག་ལ་ལས་འབྲས་ཀྱི་སྐོར་ནས་བཤད་ཁྲིད་མཛད་ཅིང་ཚེ་རབས་སྔ་ཕྱིའི་བག་ཆགས་ཀྱི་རྟོག་པ་བཟང་ངན་ལ་གོ་རྟོགས་བླ་ན་མེད་པ་ཐེབས་སུ་བཅུག་པས། སློབ་མ་རྣམས་དགའ་དད་སྤྲོ་གསུམ་གྱི་ཚོར་རྟོགས་རབ་ཏུ་འཕེལ་བར་གྱུར་པའི་གནས་བསྡུས་ཙམ་དུ་མེ་ལོང་གིས་སྤེལ།

ཕྱི་ལོ་ ༢༠༡༧ ཟླ་ ༠༦ ཚེས་ ༤ ཉིན།

(སྤྱིའི་གཟིགས་གྲངས། 58 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།