ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད།

༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སྔོན་འགྲོའི་སློབ་གྲྭ་ཚོ་ལ་དེང་དུས་ཀྱི་འགྲོ་སྟངས་ལྟར་སློབ་སྦྱོང་བསྐུལ་འདེད་ཆེད་ལོ་ལྟར་རྒྱུགས་སྤྲོད་བཏང་སྟེ་ཨང་ཐོབ་པ་དང་པོ་དང་གཉིས་པ་གསུམ་པ་བཅས་ལ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཤད་སྒྲུབ་འདུས་སྡེའི་མཇུག་བསྡོམས་འཚོགས་འདུ་སྐབས་སུ་ཨང་རིམ་ལྟར་ཐུགས་རྗེ་ལེགས་གསོལ་གྱི་བྱ་དགའ་སྤྲོད་ཀྱི་ཡོད་པ་ལྟར་འདི་ལོ་ཡང་དེ་ལྟ་བྱ་འཆར་ཡོད་པ་རེད།  

སློབ་གྲྭ་འདི་ཡི་རྩ་བའི་སློབ་ཚན་ནི་བོད་ཡིག ནེ་དཔལ་ལི། དབྱིན་སྐད། སྤྱི་ཚོགས་ཚན་རིག ཡིག་གཟུགས།   རི་མོ་བཅས་ཡོད་པ་རེད།   འདི་ལོར་སློབ་གྲྭའི་དབུ་འཛིན་དང་དགེ་ལས་རྣམ་པའི་དབུ་ཁྲིད་འོག་ ༢༠༡༨ ལོའི་ཟླ་བ་༡ ཚེས་ ༡༨ ནས་ཟླ་བ་༢ ཚེས་༡་བོད་མེ་བྱ་ལོའི་ཧོར་ཟླ་ ༡༢ ་པའི་ཚེས་༣ ནས་༡༦བར་དུ་སློབ་ཕྲུག་ཚོ་ལོ་འཁོར་རྒྱུགས་སྤྲོད་དེ་བཏང་གནང་།   དེ་ཡང་༢༠༡༨ ཟླ་ ༡ ཚེས་༡༨ ཉིན་སྔ་དྲོ་བོད་ཡིག་རྒྱུགས་སྤྲོད་གནང་། ༢༠༡༨ ཟླ་ ༡ ཚེས་༢༡ ཉིན་ནེ་དཔལ་ལིའི་ཡི་གེ་རྒྱུགས་སྤྲོད་གནང་།   ༢༠༡༨ ཟླ་ ༡ ཚེས་ ༢༤ ཉིན་དབྱིན་སྐད་རྒྱུགས་སྤྲོད་གནང་།   ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་སྤྱི་ཚོགས་ཚན་རིག་རྒྱུགས་སྤྲོད་གནང་།  

༢༠༡༨ ཟླ་ ༡ ཚེས་ ༢༩ ཉིན་སྔ་དྲོ་བོད་ཡིག་ཡིག་གཟུགས་དང་།   ཕྱི་དྲོ་རི་མོ་བཅས་རྒྱུགས་སྤྲོད་གནང་།   ༢༠༡༨ ཟླ་ ༢ ཚེས་ ༡ ཉིན་སྔ་དྲོ་དཔེ་ཆ་ཀློག་འདོན་རྒྱུགས་སྤྲོད་གནང་སྟེ་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་༢༠༡༨ ཟླ་༠༢ ཚེས་༡ ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 58 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྟོན་པའི་འ…
error: རྩོམ་འདི་བདག་དབང་ཅན་ཡིན།