ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་དབང་དང་མཁན་སློབ་རྣམ་པའི་གསུང་ཁྲིད་སྐོར་གྱི་མཛད་རིམ་གནས་བསྡུས།

ཕྱི་ལོ་༢༠༢༠ ༡ ༢༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱིའི་གོ་སྒྲིག་འོག མཛད་སྒོའི་ཚོམ་ཆེན་དུ་༸སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་དང་ས་གནས་ཀྱི་མི་མང་སྟོང་ཕྲག་དུ་མ་ལྷན་འཛོམས་ཐོག སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་ཆོ་གའི་གཞུང་བསྲངས་ཏེ་མཆོད་སྦྱིན་རྒྱས་པར་ཕུལ་བ་དང་བསྟུན་སྐྱ་སེར་ཀུན་གྱིས་ངན་སོང་དོང་སྤྲུགས་ཀྱི་སྙིང་པོ་སྐབས་དང་སྦྱར་ནས་བསགས།  ཕྱི་དྲོར་ཕྱག་ཚོད་ ༢ ཐོག་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་བླ་བྲང་ནས་མཛད་སྒོའི་ཚོམ་ཆེན་གྱི་བཀྲ་ཤིས་རི་མོ་བཀོད་པའི་ཕེབས་ལམ་ནས་སྤྱན་རྒྱ་སྤོས་མེས་མདུན་བསུས་ཏེ་དབང་སྟེགས་ཀྱི་ཁྲི་ལ་བཞུགས་སུ་གསོལ་ནས་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བཀའ་དབང་ཟབ་མོ་སྨིན་སྩོལ་མཛད་པ་དང་། དབང་གི་དམ་ཚིག་ལ་ཉིན་རེ་ངན་སོང་དོངས་སྤྲུགས་ཀྱི་སྙིང་པོ་བརྒྱ་སྐོར་རེ་བསག་དགོས་པ་དང་དབང་གི་ཕན་ཡོན་དྲན་དགོས་པའི་བཀའ་སློབ་བཀའ་དྲིན་བསྩལ་ནས་བྱིན་རླབས་རྗེས་གནང་མཛད་དེ་རིམ་བཞིན་མཇལ་ཁ་ཞུས། དེ་ནས་ཕྱག་ཚོད་ལྔ་པའི་ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་དང་། efdཚོགས་སྡེ་གཉིས་ཀྱིས་མཉམ་སྒྲུབ་ཞུས་པའི་རིན་པོ་ཆེའི་རྣམ་ཐར་བརྙན་ཕབ་སྡེ་ཚན་ལས།མཆོག་ཉིད་ནས་གདམ་ངག་གི་འབྲེལ་བཞག་གནང་བའི་ནུབ་གླིང་གི་སློབ་མ་འགའི་མི་ཚེའི་མདུན་ལམ་གྱི་ཁ་ཕྱོགས་འགྱུར་ལྡོག་སོང་བའི་མྱོང་ཚོར་སྐོར་གྱི་གཏམ་བཤད་ཡོད་པ་དེ་ཉིད་སྤྱན་གཟིགས་ཞུས་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་གློག་བརྙན་གྱི་སྦྱིན་བདག་དང་བཟོ་ལས་མི་སྣ་བཅས་ལ་ཐུགས་རྗེ་ལེགས་གསོལ་དང་མགུལ་དར་བསྒྲོན།

ཕྱི་ལོ་༢༠༢༠༡༢༩ཉིན་གྱི་སྔ་དྲོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་ལ་བློ་ལྡོག་རྣམ་བཞི་དང་བླ་མའི་རྣལ་འབྱོར་ཉམས་ལེན་གནང་ཚུལ་སྐོར་གསུང་ཁྲིད་གནང་།ཕྱི་དྲོར་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་ནས་དམ་པ་གསུམ་གྱི་ཉམས་ལེན་སེམས་རྒྱུད་ལ་འགེལ་ཚུལ་དང་ཀུན་ཉོན་ལ་གདོང་ལེན་བྱེད་ཐབས་སྐོར་གསུང་ཁྲིད་གནང་། ཕྱི་ལོ་ ༢༠༢༠ ༡ ༣༠ ཉིན་གྱི་སྔ་དྲོར་སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་ནས་དངོས་གཞི་སེམས་འཚོལ་ཉམས་ལེན་སྐོར་གསུང་ཁྲིད་གནང་བ་དང་། ཕྱི་དྲོར་གདན་ས་སྨན་རིའི་བཤད་སྒྲུབ་དཔོན་སློབ་དགེ་ལེགས་རྒྱ་མཚོ་རིན་པོ་ཆེ་ནས་ཡན་ལག་བདུན་པའི་ཉམས་ལེན་ལས་མཆོད་པ་རྣམ་ལྔ་འབུལ་བའི་ལག་ལེན་དང་ལས་འབྲས་ཀྱི་རྣམ་བཞག་སྐོར་གསུང་ཁྲིད་གནང་།

སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐུལ་ངལ་འཛེམས་མེད་ཐོག་ཕེབས་པའི་འབྲེལ་ཡོད་དད་སྦྱིན་དང་སྐུ་མགྲོན་རྣམ་པ་གཙོས་པའི་ཆེད་བཅར་བ་ཡོངས་ལ་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གནང་གྲུབ་རྗེས་ཕྱི་དྲོའི་ཕྱག་ཚོད་ ༥ ཐོག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་རིམ་ཡོངས་སུ་རྫོགས་པར་ཁ་དགེ་བཀྲ་ཤིས་ངང་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ༡ ༣༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,745 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།