ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོའི་སྐོར།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོའི་དངོས་གཞིའི་དམ་བཅའ་ཆེན་མོ་ཉིན་བཞི་ཡི་གནས་བསྡུས། 

སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞི་ཉིན་དང་པོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་པའི་མཁན་སློབ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོན་གྱི་སྤྱི་འཐུས་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་དུ་འདུ་འཛོམས་གནང་། བཀའ་རམས་པ་བབས་གཟི་དྲང་སྲོང་སྦྱིན་པ་མཆོག་སྒྲུབ་རྒྱལ་མཚན། བཀའ་རམས་པ་ར་སངས་དྲང་སྲོང་ཚུལ་ཁྲིམས་བློ་གྲོས་ཐོག་མེད་རྒྱ་མཚོ། བཀའ་རམས་པ་མགོན་ཤུལ་དྲང་སྲོང་བསམ་གཏན་གཡུང་དྲུང་རྒྱལ་མཚན། བཀའ་རམས་པ་ར་ནག་དྲང་སྲོང་ཤེས་རབ་གཡུང་ཉི་མ་རྣམ་པ་བཞིས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྐྱ་སེར་མི་དམངས་རྣམས་ཀྱི་དབུས་སུ་དམ་བཅའ་རྩ་གཞུང་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་བཞི་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བརྒལ་རྟགས་རིག་པའི་རྩོད་གླེང་བྱས། 

སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞི་ཉིན་གཉིས་པ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་པའི་མཁན་སློབ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོན་གྱི་སྤྱི་འཐུས་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་དུ་འདུ་འཛོམས་གནང་། བཀའ་རམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན། བཀའ་རམས་པ་རྒྱ་སྟོད་དྲང་སྲོང་དགེ་ལེགས་ཡོན་ཏན་དཔལ་འབྱོར། བཀའ་རམས་པ་རྨ་རི་དྲང་སྲོང་ཡེ་ཤེས་རྒྱ་མཚོ་མཐའ་ཡས། བཀའ་རམས་པ་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་དཔལ་ལྡན་རྣམ་པ་བཞིས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྐྱ་སེར་མི་དམངས་རྣམས་ཀྱི་དབུས་སུ་དམ་བཅའ་རྩ་གཞུང་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་བཞི་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བརྒལ་རྟགས་རིག་པའི་རྩོད་གླེང་བྱས། 

སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞི་ཉིན་གསུམ་པ་༢༠༡༩ ཟླ་བ་ ༠༢ ཚེས་ ༡༨ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་པའི་མཁན་སློབ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོན་གྱི་སྤྱི་འཐུས་སྐུ་ངོ་དགེ་བཤེས་སྨོན་ལམ་མཐར་ཕྱིན། བོན་གྱི་སྤྱི་འཐུས་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་དུ་འདུ་འཛོམས་གནང་། བཀའ་རམས་པ་སྨན་པ་དྲང་སྲོང་འོད་ཟེར་མི་ནུབ་རྒྱལ་མཚན། བཀའ་རམས་པ་སྟག་ཚ་དྲང་སྲོང་ལུང་རྟོགས་རྒྱ་མཚོ། བཀའ་རམས་པ་ཁུ་དགུའི་དྲང་སྲོང་བློ་གྲོས་འོད་གསལ་རྒྱལ་མཚན། བཀའ་རམས་པ་སྒར་གཞི་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་མཆོག་རྒྱལ་རྣམ་པ་བཞིས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྐྱ་སེར་མི་དམངས་རྣམས་ཀྱི་དབུས་སུ་དམ་བཅའ་རྩ་གཞུང་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་བཞི་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བརྒལ་རྟགས་རིག་པའི་རྩོད་གླེང་བྱས། 

སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞི་ཉིན་བཞི་པ་༢༠༡༩ ཟླ་བ་ ༠༢ ཚེས་ ༡༩ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་པའི་མཁན་སློབ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོན་གྱི་སྤྱི་འཐུས་སྐུ་ངོ་དགེ་བཤེས་སྨོན་ལམ་མཐར་ཕྱིན། བོན་གྱི་སྤྱི་འཐུས་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་དུ་འདུ་འཛོམས་གནང་། བཀའ་རམས་པ་ཁུ་དགུའི་དྲང་སྲོང་ཤེས་རབ་གཙུག་ཕུད་མཆོག་རྒྱལ། བཀའ་རམས་པ་དྲེ་བོ་དྲང་སྲོང་སྐལ་བཟང་གཡུང་དྲུང་བློ་གསལ། བཀའ་རམས་པ་མེ་སྟོན་དྲང་སྲོང་ལུང་རྟོགས་ཀུན་གསལ་ཉི་མ་གསུམ་གྱིས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྐྱ་སེར་མི་དམངས་རྣམས་ཀྱི་དབུས་སུ་དམ་བཅའ་རྩ་གཞུང་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་གསུམ་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བརྒལ་རྟགས་རིག་པའི་རྩོད་གླེང་བྱས་ཏེ་སྐབས་བཅུ་པའི་དགེ་བཤེས་མཛད་སྒོའི་དངོས་གཞི་ཉིན་བཞི་ཡི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༩ ཉིན་སྤེལ།། 

(སྤྱིའི་གཟིགས་གྲངས། 884 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སེང་ཚ།  ཟླ…
error: རྩོམ་འདི་བདག་དབང་ཅན་ཡིན།