ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་བཞི་པའི་གནས་བསྡུས།

ཕྱི་ལོ་ ༢༠༢༢ ༡ ༢༨ ཉིན་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་བརྒལ་བརྟག་རིག་པའི་གནས་ལ་ནང་བྱན་ཆུད་པ་དང་། སྐབས་བབ་སློབ་ཚན་ལ་ཆེད་དམིགས་ཀྱི་དོ་སྣང་ཡོང་ཕྱིར་དུ། ད་ལན་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་བཞི་པ་དེ་བཏང་ཡོད། ཞོགས་པའི་ཕྱག་ཚོད་ ༧།༢༠ ཐོག་འཛིན་གྲྭ་སོ་སོའི་དམ་བཅའི་རྒྱན་ཤོག་འཐེན་པ་དང་། སྔ་དྲོའི་ཕྱག་ཚོད་ ༨།༤༠ ཐོག་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད། རྩ་འཛིན་སློབ་དཔོན་རྣམ་པ་གཙོས་པའི་དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་དང་། དགེ་བཤེས་རྣམ་པ་ཆེད་ཕེབས་ཐོག་གསང་སྔགས་ལོ་རིམ་གཉིས་པའི་འཛིན་གྲྭ་ནས་འགོ་བཟུང་སྟེ་འཛིན་གྲྭ་སོ་སོའི་སློབ་གཉེར་བ་རྣམ་པ་རེས་མོས་ཀྱི་དམ་བཅའ་བཞུགས་ཏེ། དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་ནས་བཞག་པའི་འཛིན་གྲྭ་སོ་སོའི་ལོ་རེའི་སྦྱང་ཚན་དང་འབྲེལ་བའི་གལ་གནད་ཅན་གྱི་རྟགས་གསལ་རྒྱན་ཤོག་འཐེན། བཤད་འདུས་སྡེ་ཚོགས་གཙོས་དུས་ཚོད་སྟངས་འཛིན་གནང་ནས་རྩོད་དང་རྩོད་སྤོང་བྱེད་མཐར། སྐབས་བབ་ཀྱི་རྩོད་པའི་དོན་གནད་ལ་འབྲེལ་མིན་དང་། ལན་འདེབས་སྟངས། ལུང་ཚིག་སྐྱོར་སྟངས། ལུང་འདྲེན་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ནས་ཨང་ཀི་སྤྲོད་ཀྱི་ཡོད་པ་དང་། རྒྱུགས་སྤྲོད་ཀྱི་དུས་ཡུན་ཡང་འདི་ཟླའི་ཕྱི་ཚེས་༢༨ནས་༣༠བར་ཁྱོན་ཉིན་གསུམ་གྱི་རིང་ལ་རྒྱུགས་སྤྲོད་གནང་མཐར་སྨོན་ལམ་གྱིས་བརྒྱན་ཏེ་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་བཞི་པ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢  ༣༠  ཉིན་སྤེལ།། །།

པར་པ་ཞང་ཚུལ་མི།

 

(སྤྱིའི་གཟིགས་གྲངས། 766 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩ་རླུང་སྒ…
error: རྩོམ་འདི་བདག་དབང་ཅན་ཡིན།