ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང༌དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གཞུང་ཆེན་ཆེད་སྦྱོང་འཆད་རྒྱུགས་བགྲོ་གླེང་ཐེངས་དྲུག་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡ པོའི་ཚེས་ ༣༡ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨ སྐར་མ་ ༤༠ ་ཐོག་རྒྱུགས་སྤྲོད་ཁང་དུ་གྲྭ་མང་རྣམས་འཛོམས།  སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དང་རྩ་འཛིན་སློབ་དཔོན་རྣམ་པ་གཙོས། དགེ་བའི་བཤེས་གཉེན་རྣམ་པ་བཅས་རྒྱུགས་དཔང་དུ་ཕེབས་ཤིང་།

ཐོག་མར་ཐེངས་འདིའི་བཤད་རྒྱུགས་ཀྱི་གཙོ་སྐྱོང་བ་ཆེད་སྦྱོང་སློབ་ཐོན་པ་དགེ་བཤེསཁྲི་ལྡེ་ཚུལ་ཁྲིམས་ལགས་ནས། མདོ་ལས། གང་བསླབ་གཅིག་ལ་ཕུལ་དུ་ཕྱིན་པར་གྱིས། །མི་འགྲུབ་བློ་སྣ་མང་ན་གང་ཡང་འཆོལ། །ཀུན་ལ་བསླབ་ན་གཅིག་ཀྱང་ཕུལ་ཕྱིན་མེད། །གཅིག་ལ་མཁས་ན་མཁས་པ་ཕུལ་ཕྱིན་འགྱུར། །ཞེས་སོགས་ཀྱི་དགོངས་དོན་ལྟར་ཆེད་སྦྱོང་ངམ་རིགས་གཅིག་རྐང་འཛིན་གྱི་ལམ་སྲོལ་དང་དགོས་དམིགས་སྐོར་ངོ་སྤྲོད་གནང་། དེ་ནས་བཤད་སྒྲུབ་འདུས་སྡེའི་ལས་བྱེད་ཀྱིས་སྟངས་འཛིན་འོག་རྒྱུགས་སྤྲོད་ཀྱི་བརྗོད་གཞི་རྒྱན་ཤོག་འཐེན་ཏེ་ཐོག་མར་་གསང་སྔགས་བཀའ་འགྲེལ་ཆེད་སྦྱོང་ལོ་རིམ་གཉིས་པ་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ནས་རྒྱན་ཤོག་འཐེན་རྗེས་བརྗོད་གཞི་བཀའ་འགྲེལ་གསལ་བྱེད་ལས་གསལ་དངོས་བསྐྱེད་པའི་བསྐྱེད་རིམ་གྱི་སྦྱང་བྱ་སྦྱོང་བྱེད་སྐོར་ཁུངས་ལུངས་དྲངས་ནས་བགྲོ་གླེང་སྐར་མ་༣༠གནང་བ་དང་། སྐར་མ་ ༡༥ དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། 

དེ་ནས་གསང་སྔགས་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག་གི་ཆེད་སྦྱོང་ལོ་རིམ་དང་པོ་ཁྲི་གཙུག་བསྟན་པ་ལགས་ནས་རྒྱན་ཤོག་འཐེན་ཏེ་རྒྱུད་འབྱུང་བའི་གླེང་གཞི་སྐོར་སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག་གི་བྱུང་རིམ་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ལྔ་ཡི་སྐོར་ནས་བགྲོ་གླེང་སྐར་མ་༣༠གནང་བ་དང་། སྐར་མ་ ༡༥ དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། 

དེ་ནས་གསང་སྔགས་སྔགས་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག་གི་ཆེད་སྦྱོང་ལོ་རིམ་དང་པོ་ཚུལ་ཁྲིམས་དྲི་མེད་ལགས་ནས་རྒྱན་ཤོག་འཐེན་ཏེ་ལྟ་བ་ཁྱུང་ཆེན་ལས་བསྟན་པའི་བསྐྱེད་རིམ་གྱི་སྐོར་ནས། ཏིང་འཛིན་རྣམ་གསུམ་དང་སྤྲོས་བཅས་ཚོགས་སྒྲུབ་བསྙེན་སྒྲུན་ཡན་ལག་བཞི་བཅས་ནས་བགྲོ་གླེང་སྐར་མ་༣༠གནང་བ་དང་། སྐར་མ་ ༡༥ དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། 

དེ་ཡང་བཤད་བྱ་གང་ཞིག་རྩལ་དུ་བཏོན་ནས་བཤད་ཐུབ་མིན་དང་། བཤད་ཚུལ་གྱི་གོ་རིམ། དྲིས་ལན་གྱི་ལྗིད་ཚད་ལ་ལྟོས་ཏེ་ཨང་རིམ་སྤྲད། མཐར་གཙོ་སྐྱོང་བས་མཇུག་བསྡུས་གཏམ་བཤད་གནང་སྟེ་ཐེངས་འདིའི་ཆེད་སྦྱོང་འཛིན་གྲྭ་ནས་བཤད་རྒྱུགས་ཕུལ་བའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡ པོའི་ཚེས་ ༣༡ ཉིན་སྤེལ།། །།

པར་པ་རླུང་བུ།

(སྤྱིའི་གཟིགས་གྲངས། 698 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།