གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཐེངས་བཅོ་བརྒྱད་པའི་གནས་བསྡུས།
༧གདན་ས་འདིར་ལོ་ལྟར་ཡིག་རྒྱུགས་དང་རྩོད་རྒྱུགས་གཉིས་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་སྔ་རྗེས་སུ་གཏོང་སྲོལ་ཡོད་པ་ལྟར། འདི་ལོའི་རྩོད་རྒྱུགས་ཆེན་མོ་དེ་ཡང་སྐབས་སོ་གཅིག་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག
ཕྱི་ལོ་ ༢༠༢༦ ༡ ༡༥ ཞོགས་པའི་ཕྱག་ཚོད་ ༧ ༢༠ ཐོག་འཛིན་གྲྭ་སོ་སོའི་དམ་བཅའི་རྒྱན་ཤོག་འཐེན་པ་དང་ཕྱག་ཚོད་ ༩ ༠༠ ཐོག་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་རྣམ་གཉིས་དབུས་པའི་རྩ་འཛིན་སློབ་དཔོན་རྣམས་དང་། དགེ་བཤེས་རྣམ་པ་དབུ་བཞུགས་ཐོག་རྫོགས་ཆེན་འཛིན་གྲྭ་ནས་འགོ་བཟུང་སྟེ་འཛིན་གྲྭ་སོ་སོའི་སློབ་གཉེར་བ་རྣམ་པ་རེས་མོས་ཀྱིས་དམ་བཅར་བཞུགས་ཏེ། འཛིན་གྲྭ་སོ་སོའི་ལོ་རེའི་སྦྱང་ཚན་དང་འབྲེལ་བའི་གལ་གནད་ཅན་གྱི་རྟགས་གསལ་རྒྱན་ཤོག་འཐེན་སྟེ་རྩོད་དང་རྩོད་སྤོང་བྱས། དཔྱད་འདེམས་དགེ་རྒན་རྣམ་པས་སྐབས་བབ་ཀྱི་རྩོད་པའི་དོན་གནད་དང་འབྲེལ་མིན་དང་། ལན་འདེབས་སྟངས། ལུང་ཚིག་སྐྱོར་སྟངས། ལུང་འདྲེན་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ནས་ཨང་ཀི་སྤྲོད་ཀྱི་ཡོད་པ་དང་། འདི་ཟླའི་ཕྱི་ཚེས་བཅོ་ལྔ་དང་བཅུ་དྲུག་བཅས་ཁྱོན་ཉིན་གཉིས་ཀྱི་རིང་ལ་རྒྱུགས་སྤྲོད་བཏང་པའི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༦ ཟླ་ ༡ཚེས་ ༡༦ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།
