ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐུགས་གསོའི་འཚམས་ཕྲིན།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་གུས་འདུད་དང་བཅས་ཐུགས་གསོའི་འཚམས་འཕྲིན་ཕུལ་བ།

ཐུགས་གསོའི་འཚམས་འཕྲིན།

ཕྱི་ལོ་ ༢༠༡༨/༠༩/༢༧ དགོང་མོའི་ཡུལ་དེའི་ཆུ་ཚོད་དགུ་དང་སྐར་མ་བཅུའི་ཐོག་མཁས་པའི་དབང་པོ་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག ནུབ་ཕྱོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིར་ཡོད་པའི་ཁོང་གི་གདན་ས་མེ་རི་སྒར་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་མ་ཐག་ཡིད་གདུང་དྲག་པོའི་ངང་ནས། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་གྲྭ་འདུས་མང་ཡོངས་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད། ལྷག་པར་གཞིས་ལུས་ནང་མི་ཡོངས་དང་དད་འབངས་འཁོར་ཚོགས་ལྟོས་བཅས་ཡོངས་ལ་འདི་ག་གྲྭ་ཚང་དང་འདུས་མང་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ངང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་། སྐྱེས་ཆེན་དམ་པ་ཁོང་གི་རིས་མེད་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་དོན་དུ་ཐུན་མིན་བོད་ཀྱི་རིག་གནས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་རླབས་ཆེན་གྱི་མཛད་བཟང་ཁག་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས། དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་རྣམས་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་དང་བཅས།

དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གྲྭ་ཚང་ཡིག་ཚང་ནས། ༢༠༡༨/༠༩/༢༧ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 200 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཆོག་གསུམ་…
error: རྩོམ་འདི་བདག་དབང་ཅན་ཡིན།