ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དགའ་ལྡན་ཁྲི་པའི་ཐུགས་གསོའི་གསུང་འཕྲིན།

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དམ་པ་གང་ཉིད་ཀྱི་དབེན་གནས་བྱེ་མ་རི་ཁྲོད་དུ་རེ་ཞིག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཤེགས་ཚུལ་མཛད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བློ་ཕམ་བྱུང་། གངས་ཅན་བོད་ཀྱི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་བོན་འབངས་ཡོངས་ལ་སྡུག་བསྔལ་བཟོད་གླགས་མེད་པའི་གནས་སུ་གྱུར་པས་མྱ་ངན་གུས་བཀུར་དང་། ༧སྐྱབས་རྗེ་བདེ་བར་གཤེགས་པ་ཁོང་ནི་སྐུ་འཚོ་བཞུགས་རིང་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱིས་བོད་ཁ་བ་ཅན་གྱི་བདེ་ཐབས་དང་། རིས་མེད་བསྟན་འགྲོའི་དོན་དུ་བླ་ན་མེད་པའི་མཛད་རྗེས་དང་བཀའ་དྲིན་དག་ཡིད་ལ་ཚོར་ཞིང་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་སྨོན་འདུན་ཞུ་རྒྱུ། །

དགའ་ལྡན་ཁྲི་ཐོག་༡༠༥གདན་བྲལ་འཛིན་པ་བློ་བཟང་རྡོ་རྗེ་ཡིས།

གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གཏན་ཆགས་པའི་དགའ་ལྡན་ཁྲི་ཐོག་ཁང་ནས།

ཕྱི་ལོ་༢༠༢༥ཟླ་དྲུག་པའི་ཚེས་བཅོ་ལྔ་དང་བོད་རྒྱལ་ལོ་ ༢༡༥༢ ས་ག་ཟླ་བའི་བོད་ཚེས་ ༡༩ ཉིན།

(སྤྱིའི་གཟིགས་གྲངས། 175 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།