ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དགེ་བསྐུལ་གསལ་བརྡ།

 

འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རྒྱ་ཆེའི་བོན་འབངས་ཡོངས་ལ་ཆེད་དུ་ཞུ་གསོལ།

སྤྱིར་ན་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཞབས་བརྟན་ཆེད་དུ་དད་ལྡན་བོན་འབངས་ཡོངས་ནས་མ་བསྐུལ་དང་བླང་གིས་ཚེ་བསྙེན་བསོག་སྒྲུབ་དང་གསོལ་འདེབས་ཞབས་རིམ་སོགས་གང་དགོས་བསྒྲུབས་དང་སྒྲུབ་བཞིན་པ་སྨོས་མེད་ལགས་ཤིང་། འདི་ལོར་དམིགས་བསལ་༸སྐྱབས་རྗེ་མཆོག་གིས་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ནས་སྐུ་ཡི་དགུང་གྲངས་༩༥ཕེབས་པར་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་འབུལ་དང་འབྲེལ། བོད་ས་ཕག་ལོའི་ཧོར་ཟླ་ ༡༢ པའི་ཚེས་པ་ ༢ དང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༦ ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་དམིགས་བསལ་ཞབས་རིམ་ཆེད་འབུམ་ཁམས་ཆེན། མདོ་མང་གཟུངས་འདུས། གསེར་འོད་ནོར་བུ་འོད་འབར་བཅས་ཀློག་འདོན་དང་། དེ་བཞིན་ཚེ་སྒྲུབ་དང་ཚེ་གཟུངས། ཚྭ་ཚྭ་ཆུ་གཏོར། བསང་གསོལ་ཀླུང་རྟ། ཚེ་ཐར་སྲོག་བླུ། ལམ་འཕྲང་བཅོས་པ་སོགས་སྐུ་ཕྱྭའི་ཞབས་རིམ་བསྒྲུབ་རྒྱུ་ཡིན་པས། རྒྱ་ཆེའི་བོན་འབངས་ཡོངས་ནས་ཉིན་འདིར་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བསྟན་འགྲོའི་མགོན་དུ་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་ཁམས་སུ་བརྟན་པར་བཞུགས་པའི་གསོལ་བ་སྨོན་ལམ་འདེབས་རྒྱུ་དང་། བསང་གསོལ་ཀླུང་རྟ་དང་། ཚེ་སྙིང་བསོག་སྒྲུབ།སྒོ་ཟོག་ཚེ་ཐར། རང་གི་དགེ་སྒྲུབ་དམ་བཅའ་དང་། གཞན་ལ་དགེ་སྐུལ་བྱེད་པ་སོགས་ཀྱི་འབད་བརྩོན་གང་ལེགས་གནང་རྒྱུའི་དྲན་བསྐུལ་ཞུ་རྒྱུ་བཅས།

དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱིའི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་ ༡ ཚེས་ ༡༤ ཉིན།

 

(སྤྱིའི་གཟིགས་གྲངས། 1,332 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།