ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ལོ་འགོའི་སྒྲུབ་པ་ཆེན་མོ།

IMG_7165
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདི་རུ་ལོ་ལྟར་རེ་བཞིན་ལོ་གཅིག་གི་མཚན་ཉིད་འགོ་མ་ཚུགས་པའི་གོང་བདུན་ཕྲག་གཅིག་གི་རིང་ལ་མཚན་ཉིད་པས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་དང་། སྒྲུབ་གྲྭ་བས་དྲན་པའི་སྒྲུབ་པ། དེ་བཞིན་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭ་ཚོས་སྨན་ལྷའི་སྒྲུབ་པ་བཅས་ཁག་སོ་སོར་བཞུགས་ནས་བདུན་གཅིག་རིང་བསྙེན་སྒྲུབ་གནང་སྲོལ་ཡོད་པ་ལྟར། འདི་ལོ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་དང་། བོད་མེ་བྱ་ལོའི་ཧོར་ཟླ་བ་དང་པོའི་ནང་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བླུགས་ནས་སྔོན་འགྲོའི་སྟ་གོན་ལེགས་པར་བསྒྲུབས། བོད་ཚེས་ཉེར་གསུམ་སྟེ་སྤྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་༢༠ ཉིན་མཆོད་བཟོ་གནང་ཞིང་བོད་ཚེས་ཉེར་བཞི་ནས་བོད་ཚེས་ ༣༠ ཐམ་པ་གནམ་གང་བར་ཏེ། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༣ པའི་ཚེས་ ༢༡ ནས་དབུ་འཛུགས་ཞུས་ཏེ་འདུས་མང་ཡོངས་སྒྲུབ་པ་བཞུགས་ཡོད་པ་རེད།

IMG_7117 IMG_7196གོང་ཟླའི་ཚེས་ ༢༤ ནས་འཚོགས་ཁང་གསར་པའི་ནང་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་གཉིས་དང་འདུལ་བའི་མཁན་པོ་བཅས་དབུ་བཞུགས་ཐོག་དགེ་བའི་བཤེས་གཉེན་དང་མཚན་ཉིད་པ་རྣམས་ཀྱིས་སྨྲ་སེང་སྒྲུབ་པ་འཚོགས་ཡོད་པ་དང་། སྒྲུབ་གྲྭ་ཁང་ནང་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་གྲྭ་བ་རྣམས་ཀྱིས་དྲན་པའི་སྒྲུབ་པ་འཚོགས་པ་རེད། IMG_3007སྔར་གསོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ནང་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་དབུ་བཞུགས་ཐོག་གསོ་རིག་འབུམ་བཞིའི་དགེ་སློབ་རྣམས་ཀྱིས་སྨན་ལྷའི་སྒྲུབ་པ་འཚོགས་པ་དང་། དཔེ་མཛོད་རྙིང་པའི་ནང་གཞིས་རིམ་འོག་མའི་དགེ་སློབ་ཚོས་སྨྲ་སེང་སྒྲུབ་ཆུང་དང་ཚེ་སྒྲུབ་གསོག་སྒྲུབ་ཞུས། ཚེས་ ༢༩ དགོང་མོར་མཚན་ཕུད་ཀྱི་སྒྲུབ་པ་བཅས་ཉིན་མཚན་བརྒྱད་ཀྱི་རིང་ལ་སྒྲུབ་པ་མཛད་མཐར་བོད་ཚེས་ ༣༠ ཉིན་ཞོགས་པ་མཚན་ཉིད་པས་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་སེང་གི་སྒྲུབ་གཞུང་གཉིས་སྦྲག་པ་དང་། སྒྲུབ་གྲྭ་བས་དྲན་པའི་གཞུང་གསུངས་ནས་བཏང་རག་གི་ཚོགས་འཁོར་བཅས་ཕུལ།  ཉིན་དེའི་ཕྱག་ཚོད་དགུ་པ་ཙམ་ནས་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སྐྱ་སེར་མི་མང་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་ཏེ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲུབ་པ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་༢༠༡༧ ཟླ་༣ ཚེས་༣༠ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 58 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།