ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

࿉སྐབས་༢༢པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐོར་གྱི་གནས་ཕྲིན།

༄༅།། བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་ཀྱིས་འཆད་སྦྱོང་གི་བགྲོ་གླེང་དང་། རྩོད་སྦྱོང་གི་འཆད་ར་དང་དམ་བཅའ། རྩོམ་སྦྱོང་གི་རྨང་གཞི་བརྡ་དག་སྙན་གསུམ་སྟེ་འཆད་རྩོད་རྩོམ་པའི་སྒོ་ནས་ཤེས་བྱའི་གནས་ལ་འབད་དེ་མཐར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གཏོང་བ་ནི། སློབ་གཉེར་བའི་ལོ་རེའི་སྦྱོང་བརྩོན་གྱི་གྲུབ་འབྲས་ཡོངས་སུ་བསྡོམས་ནས་མིག་སྔར་སྟོན་པ་དང་། སློབ་སྦྱོང་ཡར་སྐུལ་གྱི་ཤུགས་སྣོན་འཕར་མ་སྐྱེད་བྱེད་ཅིག་ཡིན་པས། སྐབས་བབ་ཀྱི་རྩ་གཞུང་ཁག་དང་། བརྡ་དག་སྙན་གསུམ།  སྨན་རྩིས་དཀྱིལ་འཁོར། སྒྲ་དང་བཟོ་རིག་སོགས་རིག་གནས་ཁག་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད།

IMG_8661 IMG_5516ལྷག་པར་དུ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་ཚིག་དོན་དཀའ་བའི་གནད་རྣམས་ཆེད་དམིགས་ཀྱིས་དོ་སྣང་འབྱུང་ཕྱིར་ལོ་ལྟར་ཡིག་རྒྱུགས་དང་རྩོད་རྒྱུགས་གཉིས་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་སྔ་རྗེས་སུ་གཏོང་སྲོལ་ཡོད་པས། སྤྱི་ལོ་༢༠༡༦། ༨། ༣༡། བོད་མེ་སྤྲེལ་ལོའི་ཟླ་༦། ཚེས་༢༩། རེས་གཟའ་ལྷག་པ་ཉིན་སྔ་དྲོའི་ཆུ་ཚོད༧ནས་ལོ་འཁོར་བྲིས་རྒྱུགས་བཏང་བ་དང་།

སྤྱི་ལོ་༢༠༡༧། ༡། ༢༤། བོད་མེ་སྤྲེལ་ལོའི་ཟླ་བ་༡༡། ཚེས༢༧། རེས་གཟའ་ཟླ་བ་ཉིན་གྱི་ཕྱག་ཚོད་༩ཐོག་འདི་ལོའི་རྩོད་རྒྱུགས་འགོ་བཙུགས་ཏེ། ད་ལན་རྒྱུགས་སྤྲོད་ཀྱི་མགོན་དུ་ཕེབས་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དང་། དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ། རྩ་གཞུང་འཛིན་པའི་སློབ་དཔོན་རྣམ་པ། དགེ་བའི་བཤེས་གཉེན་རྣམ་པ་བཅས་རྒྱུགས་དཔང་དུ་བཞུག་ཐོག་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་སྟངས་འཛིན་འོག  བཀའ་རམས་འཛིན་གྲྭའི་སློབ་གཉེར་རྣམ་པ་རེས་མོས་ཀྱི་དམ་བཅའ་བཞུགས་ཏེ། རྒྱུགས་ལེན་དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་ནས་བཞག་པའི་འཛིན་གྲྭ་སོ་སོའི་ལོ་རེའི་སྦྱང་ཚན་དང་འབྲེལ་བའི་གལ་གནད་ཅན་གྱི་རྟགས་གསལ་རྒྱན་ཤོག་འཐེན་ནས་རྩོད་དགོས།

_DSC7190 _DSC7259  དེ་ཡང་རྩོད་པ་སྐབས་བབ་ཀྱི་དོན་གནད་དང་འབྲེལ་མིན་དང་། ལུང་ཚིག་བསྐྱོར་སྟངས། ལུང་འདྲེན་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ནས་ཨང་ཀི་སྤྲོད་པ་རེད།

རྒྱུགས་འཕྲོད་པ་ལ་བརྒྱ་ཆ་༤༠ལོན་དགོས། སྔ་དྲོ་ཕྱག་ཚོད་༩ནས་༡༡བར། ཕྱི་དྲོ་༢ནས་༣བར། ༣།༠ནས་༥། བར་རྒྱུགས་སྤྲོད་དགོས་པ་བཅས། _DSC7114 _DSC7672ཁྱོན་ཉིན་གསུམ་གྱི་རིང་ལ་རྒྱུགས་འབུལ་ཞུས་ནས་མཐར་དཔོན་སློབ་ཚངས་པ་རིན་པོ་ཆེ་མཆོག་གིས་རྒྱུགས་སྤྲོད་དང་འབྲེལ་བའི་བཀའ་སློབ་གནང་རྗེས་སུ་ཕྱི་དྲོའི་ཕྱག་་ཚོད་༣།ཐོག་ལོ་འཁོར་རྩོད་རྒྱུགས་ཆེན་མོ་དེ་ཉིད་མཇུག་ལེགས་པར་གྲུབ་པའི་གནས་ཕྲིན་དུ་ཏི་སེའི་བུ་ནས་༢༠༡༧། ༡། ༢༦ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 60 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། ཕ་ཡུལ་…
error: རྩོམ་འདི་བདག་དབང་ཅན་ཡིན།