དེ་རིང་ཕྱི་ཚེས་ ༢༣ ནས་བཟུང་༧རྗེ་བླ་མའི་སྐུ་གདུང་རིན་པོ་ཆེ་དད་ལྡན་མི་མང་གིས་མཇལ་ཁ་ཞུ་བའི་དུས་ཚོད་གསལ་བསྒྲགས།
དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་གིས་གསལ་བསྒྲགས་གནང་བ་བཞིན་དཔོན་གསས་བླ་མ་༧སྐྱབས་རྗེ་བདེ་བར་གཤེགས་པ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་དགུང་ཞག་ཞེ་དགུའི་རིང་དད་ལྡན་མི་མང་རྣམས་ལ་མཇལ་ཁ་གནང་བའི་དུས་ཚོད་མཁྱེན་རྟོགས་ཀྱི་ཆེད་གཤམ་དུ་རེའུ་མིག་བཀོད་ཡོད།
གཟའ་ཟླ་བ། |
སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར། ཕྱི་དྲོ་ཕྱག་ཚོད་ ༣ ནས་ ༥ བར། |
གཟའ་ཕུར་བུ། |
སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར། ཕྱི་དྲོ་ཕྱག་ཚོད་ ༣ ནས་ ༥ བར། |
གཟའ་སྤེན་པ། |
སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར། ཕྱི་དྲོ་ཕྱག་ཚོད་ ༣ ནས་ ༥ བར། |
Public visitation days will be Monday, Thursday, and Saturday. Visiting hours are from 10:00 to 12:00 and 15:00 to 17:00.
བླ་མ་མཆོད་པ་གསུང་རྒྱུའི་དུས་ཚོད།
སྔ་དྲོ་ཆུ་ཚོད། ༠༨།༠༠
ཉིན་གུང་ཆུ་ཚོད། ༡༢།༣༠
དགོང་དྲོ་ཆུ་ཚོད། ༠༨།༠༠
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༥ ༦ ༢༣ ཉིན་སྤེལ།