བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་མཆོག་གི་ཉེ་ཆར་མཛད་རིམ།
གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་མཆོག ཨུ་རུའི་དད་ལྡན་བོན་ཚོགས་ཁག་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན། ཕྱི་ལོ་ ༢༠༡༩ ༡༠ ༥ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ལ་ཞབས་སོར་འཁོད་དེ། ཕྱི་ལོ་ ༢༠༡༩ ༡༠ ༧ ཉིན་ནས་ ༢༠༡༩ ༡༠ ༢༠ བར་དུ་རྒྱལ་ས་མོ་སི་ཁོར་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་གིས་གསར་འཛུགས་གནང་བའི་གཡུང་དྲུང་བོན་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ལ། སྔ་དྲོར་གྲུབ་དབང་ཤར་རྫ་པས་མཛད་པའི་ཐུན་མོང་གཏུམ་མོའི་ཉམས་ལེན་སྐོར་དང་། ཕྱི་དྲོར་རྫོགས་ཆེན་མེ་ལོང་བདུན་པ་དཔེ་ཁྲིད་མཛད། ཕྱི་ལོ་ ༢༠༡༩ ༡༠ ༡༣ ཉིན་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་བཀའ་དབང་བསྐུར། ཕྱི་ལོ་ ༢༠༡༩ ༡༠ ༢༤ ཉིན་ནས་རྒྱལ་ས་གཉིས་པ་མོ་སི་ཁོ་རུ་སྔ་དྲོ་དངོས་གཞི་ཡང་ཏིག་ཁྲིག་ཆོད་སྐོར་དང་། ཕྱི་དྲོ་གསང་སྔགས་ཀྱི་ཉམས་ལེན་སྐོར་གསུང་ཁྲིད་གནང་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༡༠ ༢༡ ཉིན་སྤེལ།། །།