ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་ཚོགས་ཡེ་ཤེས་གསལ་གླིང་དང་རྫོགས་ཆེན་ཡོངས་རྩེ་གླིང་གཉིས་ནས་གདུང་མཆོད་ཕུལ་བ།

༧དཔལ་ལྡན་རྒྱལ་བ་སྨན་རི་བའི་༧སྐྱབས་གནས་འདུས་པ་རྒྱ་མཚོའི་གསེར་སྙན་རིན་པོ་ཆེར་ཞུ་གསོལ།

ད་ལམ་རང་རེ་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྩ་བའི་བླ་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཞིང་ཁམས་གཞན་དུ་ཞལ་གཟིགས་པར་ཐོས་མ་ཐག་ངེད་ཚོར་མྱ་ངན་གདུང་ཚོར་ཆེན་པོ་བྱུང་། གང་ཉིད་ཞིང་འདིར་བཞུགས་པའི་རིང་སྤྱིར་ན་འགྲོ་བ་སྤྱི་དང་། བྱེ་བྲག་ཏུ་གཡུང་དྲུང་བོན་གྱི་བསྟན་འགྲོ་སྤྱི་ལ་སྨིན་པའི་རླབས་ཆེན་མཛད་འཕྲིན་དག་གི་བཀའ་དྲིན་རྗེས་སུ་དྲན་ཏེ། འདི་གའི་བོན་ཚོགས་ཡེ་ཤེས་གསལ་གླིང་གི་དགེ་སློབ་རྣམས་ཀྱིས་སྐྱོ་གདུང་དྲག་པོའི་སྒོ་ནས་གདུང་སེམས་མཉམ་བསྐྱེད་དང་། གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་གདུང་མཆོད་སྨོན་ལམ་གང་ཟབ་བྱས་དང་བྱེད་བཞིན་པའི་གནས་འབུལ་སྙན་གསན་དུ།

བོན་ཚོགས་ཡེ་ཤེས་གསལ་གླིང་ནས། ༢༠༡༧།༠༩།༡༥ཉིན།

༧དཔལ་ལྡན་སྨན་རིའི་༧སྐྱབས་གནས་འདུས་པ་རྒྱ་མཚོའི་གསེར་སྙན་རིན་པོ་ཆེར་ཞུ་གསོལ།

ད་ལམ་རང་རེ་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྩ་བའི་བླ་མ་ཁྲི་འཛིན་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཞིང་ཁམས་གཞན་དུ་ཞལ་གཟིགས་པར་ཐོས་མ་ཐག་ངེད་ཚོར་མྱ་ངན་གདུང་ཚོར་ཆེན་པོ་བྱུང་། གང་ཉིད་ཞིང་འདིར་བཞུགས་པའི་རིང་སྤྱིར་ན་འགྲོ་བ་སྤྱི་དང་། བྱེ་བྲག་ཏུ་གཡུང་དྲུང་བོན་གྱི་བསྟན་འགྲོ་སྤྱི་ལ་སྨིན་པའི་རླབས་ཆེན་མཛད་འཕྲིན་དག་གི་བཀའ་དྲིན་རྗེས་སུ་དྲན་ཏེ། འདི་གའི་ཨུ་རུ་སུ་བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིངདབུས་དང་། དེ་འབྲེལ་རྒྱལ་ཁབ་ཁ་ཤས་ལ་ཡོད་པའི་དགེ་སློབ་རྣམས་ཀྱིས་སྐྱོ་གདུང་དྲག་པོའི་སྒོ་ནས་གདུང་སེམས་མཉམ་བསྐྱེད་དང་། གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་གདུང་མཆོད་སྨོན་ལམ་གང་ཟབ་བྱས་དང་བྱེད་བཞིན་པའི་གནས་འབུལ་སྙན་གསན་དུ།

རྫོགས་ཆེན་ཡོངས་རྩེ་གླིང་ནས།

ཨར་ལྟ་བླ་མ་དང་ཨ་སངས་ན་ཨ་ལེགས་དགེ་བཅས་ནས་ཕུལ།

(སྤྱིའི་གཟིགས་གྲངས། 43 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འདི་ཟླའི་ཕ…
error: རྩོམ་འདི་བདག་དབང་ཅན་ཡིན།