ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཛད་རྣམ་འོད་ཀྱིས་འཁྱུད་པའི་རྟེན་འབྲེལ་ཤིས་ཚིག

བཀྲ༵་གསལ་རྟགས་བརྒྱད་རི་མོས་མཛེས་པའི་ལུ༵གས། །

ཤི༵ས་བརྗོད་མུ་ཙུག་སྨར་གྱི་ལོ་རྒྱུས་རྙི༵ང་། །

བདེ༵་ལེགས་གསར་པའི་རང་ཞལ་ངོམ་པའི་ལོ༵། །

ལེ༵གས་ཚོགས་ཉེར་ལྔ་གོ་ལྔའི་དུས་སྟོན་གས༵ར། །

གས༵ར་པའི་ཚེས་གཅིག་བསང་དང་རླུང་རྟས་བསུ༵། །

བསུ༵་བ་རྒྱ་ཆེའི་ཤིས་ཚིག་སྒྲོན་པ་འདི༵། །

འདི༵་ལོའི་དགའ་སྟོན་དང་པོའི་རྟེན་འབྲེལ་ཡི༵ན།

ཡི༵ན་ལུགས་ཕྱྭ་དམུ་གཙུག་གིས་དཔལ་བསྐྱེད་ཅིག །

ཐ་ཚན་མུ་ཙུག་སྨར་རོ། །བཀྲ་ཤིས་བདེ་ལེགས།

(སྤྱིའི་གཟིགས་གྲངས། 285 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
“བདེ་སྡུག་…
error: རྩོམ་འདི་བདག་དབང་ཅན་ཡིན།