ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མར་མེ་རྒྱལ་མཚན་གྱི་དཔེ་རིས།

དཔེ་རིས་འབྲི་བ་པོ་མཁའ་ལྡིང་།

ཟང་ཟང་ལྷ་བྲག་ནས་དཔོན་གསས་ཁྱུང་རྒོད་རྩལ་གྱིས་གཏེར་བཏོན་པའི་སྤྱི་སྤུུངས་ཞི་ཁྲོའི་མར་མེ་རྒྱལ་མཚན་ལས། མར་མེ་རྒྱལ་མཚན།དང་པོ་མར་མེ་རྒྱལ་མཚན་བཅའ་བ་ལ་ཡང་། །

རྒྱལ་མཚན་སྐུ་བསྟོད་རིམ་པ་ཅི་བཞིན་དུ། །

རིན་ཆེན་སྣ་ལྔའི་རྐོང་བུ་བརྒྱ་རྩ་བརྒྱད། །

མཉྗིའི་ཐོག་ཏུ་གསེར་གྱི་པདྨ་འདབ་མ་བརྒྱད། །

བུམ་པའི་ཁ་རྒྱན་པད་སྡོང་མེ་ཏོག་དང་། །

བང་རིམ་ལྔ་དང་བུམ་པ་མགུལ་ཆུ་ཏོག །

ཆར་ཁེབ་བྱ་རུ་ལ་སོགས་རྫོགས་པར་བྱ།  ཞེས་གསུངས་སོ། །

གོང་གི་དཔེ་རིས་ཀྱི་ངོ་སྤྲོད་ལ་སོགས་གཞུང་ཚིག་རྣམས་གཞུང་ལྟར་རང་སོར་བཞག་ཡོད་པས་དགོངས་འཇག་འཚལ མཁའ་ལྡིང་ནས་༢༠༡༦།༡༠།༡༤ཉིན།

(སྤྱིའི་གཟིགས་གྲངས། 125 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞང་ཞུང་ཁྱུ…
error: རྩོམ་འདི་བདག་དབང་ཅན་ཡིན།