ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཡོངས་འཛིན་སྨྲ་བའི་སེང་གེའི་ཞལ་གདམས།

     “སྐབས་འདིར་བོད་དུ་མཁས་པའི་དབང་པོ་དུ་མས་མཛད་པའི་བསྟན་བཅོས་རྣམས་ལས།      རིགས་འགྲོས་དངབཀའ་བཀྱོན་མཐའ་ཡས་པ་ཞིག་མཛད་པས།     ལུགས་འདིའི་གྲུབ་མཐའ་འཛིན་པ་མང་པོས་རང་གི་གྲུབ་མཐའི་གཏིང་མ་དཔོག་པས་དོགས་པ་ཟ།      གཞན་གྱི་ཚུལ་ལ་འཇིགས་པའི་དབང་གིས་བདེན་སེམས་སྐྱེས།   མཐའ་གཅིག་ཏུ་རང་གི་གྲུབ་མཐའ་འདོར་ཡང་མ་ཕོད།       འོལ་ཚོད་དང་སྤམ་པོའི་ཚུལ་གྱིས་སྐུ་ཚེ་བསྐྱལ་བས།     ད་ནས་དེ་ལྟར་མ་དགོས་པ་ཞིག་བྱེད་ན།    གྲུབ་མཐའ་རྣམ་དག་སངས་རྒྱས་བསྒྲུབ་པའི་ལམ་བཟང་པོ་རྒྱལ་བ་ཀུན་ཏུ་བཟང་པོས་གསུངས།     ལམ་གྱི་མཁའ་འགྲོ་རྒྱ་མཚོས་གཉེར་བྱས། གསང་བདག་གྲུབ་པའི་དབང་ཕྱུག་གཞུང་འདི་དག་གི་ཚིག་དོན་ལ་མཁས་པ་རྣམས་ཀྱིས་གཞུང་བཀྲལ།     སྒོ་གསུམ་འབད་པ་རྒྱ་མཚོས་ཉམས་སུ་བླངས་ཏེ་ཚིག་སྟོང་གིས་ངོ་བསྟོད་ཙམ་ལ་རགས་མ་ལུས་པར་ཡི་དམ་གྱི་གོ་འཕང་དུ་གཤེགས་པའི་ལམ་བཟང་མ་བཅོས་མ་བསླད་པ་རྗེས་སུ་བཞག་པ་འདི་དག་ལ།     བླ་མ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་བཙལ།       དེ་རྙེད་པ་དང་བསྟེན་ཚུལ་ཤེས་པར་བྱེད།    དེས་གསུངས་པའི་ཚིག་དོན་ལ་རིགས་པ་ཡང་དག་གིས་དཔྱད་ནས་རྟོགས་པའི་དོན་ལ་གོམས་པར་བྱེད་རྒྱུ་ནི།   ཤིན་ཏུ་གལ་ཆེ་བ་ཡིན་པར་མཐོང་ངོ་།     །དེ་ལྟར་བྱས་ན་རང་གི་གྲུབ་མཐའ་འཛིན་ཐུབ་པ།      འབད་རྩོལ་བྱས་པའི་འབྲས་བུ་ཆུད་མི་འཛའ་བ་བཅས་ཀྱི་དགོས་པ་ཡོད།” ཅེས་སོ། །

མ་རྒྱུད་ཡེ་ཤེས་ཐིག་ལེའི་མཆན་འགྲེལ་ལས་སོ། །

(སྤྱིའི་གཟིགས་གྲངས། 77 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དབྱར་ཁྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།