ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་རྐྱེན་སེལ་རིམ་འགྲོ་བསྒྲུབས་པ།

སྤྱིར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་གཙོས་བསྟན་འཛིན་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བརྟན་ཞིང་མཛད་བསོད་རྒྱས་པ་དང་། ལྷག་པར་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་སྐུ་ཡི་སྙུང་ཁམས་དྭངས་ཤིང་གསང་གསུམ་འགྱུར་མེད་ཚེ་ཡི་རིག་འཛིན་གྱི་ངོ་བོར་བརྟན་པ་དང་། ༧སྐྱབས་རྗེ་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ལོ་འདིའི་དགུང་གྲངས་ཞེ་དགུའི་དགུང་ཀེག་ལྷག་མེད་དུ་ཞི་ཞིང་ཐུགས་ཀྱི་བཞེད་དོན་ཐ་དག་གེགས་མེད་ལྷུན་གྲུབ་ཡོང་བ་དང་། སངས་རྒྱས་ཀྱི་བསྟན་པ་སྒོ་ཀུན་ནས་དར་རྒྱས་རྟག་བརྟན་གྱི་ཆེད་དུ་དམིགས་ཏེ། ད་ལན་རྣམ་དཀར་དད་སྦྱིན་དགེ་བཤེས་བསྟན་འཛིན་ཡེ་ཤེས་ལགས་ནས་བསྙེན་བཀུར་གནང་བ་དང་འབྲེལ། གྲྭ་ཚང་ནས་ཚོགས་རྫས་དང་བསང་རྫས་སོགས་མཐུན་རྐྱེན་གང་རྒྱས་གྲ་སྒྲིག་ཐོག ༢༠༡༧། ༠༨། ༢༥ ནས་བཟུང་ཉིན་གཉིས་ཀྱི་རིང་ལ་འདི་ག་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་མང་ནས་སྐུ་ཕྱྭའི་ཞབས་རིམ་གང་རྒྱས་སྒྲུབ་བཞིན་ཡོད་ཅིང་། ཚོགས་ཁང་གསར་པའི་ནང་དུ་བཤད་གྲྭ་བ་རྣམ་པས་བྱམས་མའི་ཚོགས་བརྒྱ་དང་སྲུང་ཟློག་དང་། ཚོགས་ཁང་རྙིང་པའི་ནང་སྒྲུབ་གྲྭ་བ་དང་འཛིན་གྲྭ་རྒན་རིམ་རྣམ་པས་རྣམ་པས་བོན་སྐྱོང་སྐོང་བ་དང་བྱམས་མའི་སྔགས་བསྟོད། སྒྲུབ་ཁང་ནང་དུ་དགེ་བཤེས་རྣམ་པས་བོན་སྐྱོང་སྟོང་ཚོགས། བྱམས་མ་ཚོགས་པ་ནས་བྱམས་མ་སྔགས་བསྟོད་དང་། མཁན་སློབ་རྣམ་པའི་གསོལ་འདེབས་སོགས། གཞི་རིམ་སློབ་གྲྭའི་དགེ་སློབ་ཡོངས་ནས་སྟག་ལའི་བཅུད་དྲིལ་དང་། བར་ཆོད་ལམ་སེལ། ཚེ་སྙིང་གསོག་པ་བཅས་ཞབས་རིམ་རྒྱ་མི་ཆུང་བར་སྒྲུབ་བཞིན་ཡོད་པའི་གནས་ཕྲིན་ཙམ་དུ་ཕུལ།

ཏི་སེའི་བུས།

(སྤྱིའི་གཟིགས་གྲངས། 33 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཉེ་ལམ་དབྱར…
error: རྩོམ་འདི་བདག་དབང་ཅན་ཡིན།