ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་རྒྱལ་བ་སྨན་རི་བའི་སྐུ་ཚེའི་ཞབས་བརྟན་དང་བརྟན་བཞུགས་ཕུལ་བ།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་སྐུ་ཡི་བསྙུང་ཁམས་མྱུར་དུ་དྭངས་ཏེ། སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་བོད་ཕྱི་ནང་གི་དགོན་སྡེ་ཁག་དང་བོན་ཚོགས་ཀུན་གྱིས་སྐུ་རིམ་ཞབས་བརྟན་སྣ་ཚོགས་བསྒྲུབས་དང་སྒྲུབ་བཞིན་པ་ལྟར། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་བྱམས་མའི་སྲུང་ཟློག་དང་། ཁྲོ་བོ་སྟོང་ཚར། ཚེ་སྒྲུབ་དང་བར་ཆད་ལམ་སེལ། བྱམས་མའི་སྔགས་བསྟོད་སོགས་ཀྱི་ཞབས་རིམ་གསོག་སྒྲུབ་དང་། དེ་བཞིན་གཤེན་བསྟན་དར་རྒྱས་གླིང་ནས་ཚེ་སྒྲུབ་དང་བར་ཆད་ལམ་སེལ་སོགས་ཀྱི་ཞབས་བརྟན་གང་ཟབ་གནང་དང་གནང་བཞིན་པ་ཡིན།

ལྷག་པར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་བཞིན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སློབ་དཔོན་རིན་པོ་ཆེ་ཚངས་པ་བསྟན་འཛིན་རྣམ་གཉིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆེད་བཅར་ཞུས་ཏེ། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་སྤྱི་ལོ་༢༠༡༧།༩།༩ཉིན་གྱི་སྔ་དྲོ་སྐྱབས་རྗེ་མཆོག་ལ་མན་ཌལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་། འདུས་མང་ལ་ཚེ་སྒྲུབ་དང་བར་ཆད་ལམ་སེལ་གསུང་རྟེན་དུ་མང་ཇ་དང་སྐུ་འགྱེད་ཕུལ་ནས་བསྟན་འགྲོའི་དོན་དུ་སྐྱབས་རྗེ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་། བདག་ཅག་བོན་འབངས་ཡོངས་ཀྱི་མགོན་དུ་ཡུན་ནས་ཡུན་དུ་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར། གཡུང་དྲུང་གི་བོན་རིན་པོ་ཆེའི་བདེན་སྟོབས་དང་། བདག་ཅག་བོན་འབངས་ཡོངས་ཀྱི་དད་དམ་གཡོ་བ་མེད་པའི་སྟོབས་ཤུགས། བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་ནུས་མཐུ་བཅས་ཀྱིས་སྐྱབས་རྗེ་མཆོག་གི་སྐུ་ཚེའི་བར་ཆད་ཐམས་ཅད་མིང་མེད་དུ་ཞི་ནས། གསང་གསུམ་འཕྲིན་ལས་ཀྱི་འོད་སྣང་བསྟན་འགྲོའི་མཁའ་ལ་དུས་ཀུན་ཏུ་འབར་བའི་སྨོན་ལམ་དང་བཅས་ཀྱི་གནས་ཚུལ་ཉུང་འདུས་སུ་ཁྱུང་ཁྲི་ལྡེས་བཀོད་པའོ།། །།

(སྤྱིའི་གཟིགས་གྲངས། 65 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྱིར་ཞྭ་ད…
error: རྩོམ་འདི་བདག་དབང་ཅན་ཡིན།