ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་བཀོད་པ།

གཉིས་པ་ཁྱིམ་པ་ལ་བརྟེན་པའི་སྡེ་གཉིས།  ཚུལ་གནས་དགེ་བསྙེན་གྱི་སྡེ་ལ་གསུམ་སྟེ།  དག་པ་དགེ་བསྙེན་གྱི་སྡེ་དང་།  མ་དག་པ་འདུལ་བ་དགེ་བསྙེན་གྱི་སྡེ་དང་། རང་རྒྱུད་སྦྱང་བ་དགེ་བསྙེན་གྱི་སྡེ་དང་གསུམ་མོ། །ཚུལ་ཞུགས་དགེ་ཚུལ་གྱི་སྡེ་ལ་གསུམ་སྟེ། བྱམས་པ་དགེ་ཚུལ་གྱི་སྡེ་དང་། སྦྱིན་པ་དགེ་ཚུལ་གྱི་སྡེ་དང་། ཞི་བ་དགེ་ཚུལ་གྱི་སྡེ་དང་གསུམ་མོ།། ཡན་ལག་གཏན་སྲུང་གི་སྡེ་ལ་གསུམ་སྟེ། སྨེ་བ་གཏན་སྤངས་ཀྱི་སྡེ་དང་། འཆལ་བ་གཏན་སྤངས་ཀྱི་སྡེ་དང་། དྲི་མ་གཏན་སྤངས་ཀྱི་སྡེ་དང་གསུམ་མོ། །ཡན་ལག་དུས་འཛིན་གྱི་སྡེ་ལ་གསུམ་སྟེ། ཡན་ལག་བརྒྱད་པའི་སྡེ་དང་། ཡན་ལག་གསུམ་པའི་སྡེ་དང་། ཡན་ལག་བཞི་པའི་སྡེ་དང་གསུམ་སྟེ་བཅུ་གཉིས་ནི། ཁྱིམ་ལ་བརྟེན་པའི་སྡེ་རུ་དབྱེ་བའོ། །
དང་པོ་རབ་ཏུ་བྱུང་བའི་སྡེ་ལ། དཀའ་ཐུབ་ཀྱི་སྡེ་གསུམ་གྱི་སྙོམས་འཇུག་འགོག་པའི་སྡེ་ནི། ཕྱི་ཡི་ཚུལ་སུམ་བརྒྱ་དྲུག་ཅུ་དང་། ནང་གི་ཁྲིམས་བསླབ་པ་མཐར་རྫོགས་སུ་བསྲུང་ཞིང་། གཅིག་པུ་དབེན་པའི་གནས་སུ་གདན་གཅིག་དྲང་།  རྣམ་དག་ལྷ་ཡི་དཀའ་ཐུབ་ཆ་དབྲི་ཞིང་། ཏིང་ངེ་འཛིན་གྱི་གཟུངས་འཆུན་ཏེ། བསྐལ་པར་སྙོམས་འཇུག་ལ་བཞུགས་སོ། །དག་པ་མཐར་ཕྱིན་གྱི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་དུ་བསྲུང་ཞིང་། དབེན་པའི་གནས་སུ་བྲག་དགོན་དཀའ་ཐུབ་ཀྱི་སྡེ་རུ་བཞུགས་ཤིང་། དྲི་མེད་རྒྱལ་གྱི་དཀའ་ཐུབ་ལ་ཆ་དབྲི་ཞིང་། བདུན་བར་དང་བདུན་བར་དུ་གཅོད་ཅིང་གོམས་པ་ལ་འབད་དོ། །ཏིང་ངེ་འཛིན་གྱི་གཟུངས་བསྣན་ནས། ཚེ་ཡི་དུས་འདེབས་པ་ལ་བཟུང་བའོ། །
བསླབ་པ་མཐར་རྫོགས་ཀྱི་སྡེ་ནི།  ཕྱི་ཚུལ་དང་ནང་ཁྲིམས་གོང་ལྟར་ལ།  གཅིག་པུར་དབེན་པའི་གནས་ལ་ངེས་པ་མེད་པར། རྨད་བྱུང་མི་ཡི་དཀའ་ཐུབ་དབྲི་བསྣན་མེད་ཅིང་། རྒྱུན་གཅིག་ཏུ་དག་པའི་སྤྱོད་ལམ་ལ་གནས་ཏེ། དེ་ནི་དཀའ་བ་རྣམ་པ་མཐར་དབྱུང་བ། སྟོན་པ་སངས་རྒྱས་ཀྱི་མཛད་སྤྱོད་ལ་འབྲེལ་ཏེ། དག་པ་དཀའ་ཐུབ་ཀྱི་སྡེའོ། །
གཉིས་པ་སོ་སོ་ཐར་པའི་སྡེ་གསུམ་གྱི།  དག་པ་གདན་གཅིག་པའི་སྡེ་ནི།  ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་། ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཟུང་འབྲེལ་དུ་བསྲུང་ཞིང་། ཤིང་དྲུང་དང་དབེན་པའི་གནས་སུ། གཅིག་པུར་དག་པའི་སྤྱོད་ལམ་དང་།  ཁ་ཟས་གདན་གཅིག་ཏུ་བྱས་ལ། བོན་རྣམ་དག་གི་སྤྱོད་ལམ་རྒྱུན་དུ་བསྐྱང་བ་ཙམ་མ་གཏོགས་པ། གཞན་དག་གི་འཆད་རྩོད་དང་རྩོམ་པ་སྤངས་ལ།  གཅིག་པུར་གཅིག་ཏུ་བསྲུང་བའོ། །
དག་པ་གཞི་བཟུང་གི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་ལ།  རི་བོ་དང་གངས་གླིང་གི་ཁྲོད་ལ།  དགེ་འདུན་འཚོགས་པའི་རྒྱ་མཚོའི་གཞི་བཟུང་ལ། ཁ་ཟས་ནི་གཉིས་པ་ལ།  འཆད་རྩོད་རྩོམ་གསུམ་གྱི་བློ་སྦྱང་ཞིང་། རྣམ་དག་འདུལ་བའི་བོན་ལ་སྤྱོད་དེ། གཞན་རྒྱུད་ཡོངས་སུ་འདུལ་བའོ། །
དག་པ་ཚུལ་འཛིན་གྱི་སྡེ་ནི། ཕྱི་ཚུལ་དང་ནང་ཁྲིམས་ནི་གོང་ལྟར་ལ།  ཕྱི་དྲོའི་ཁ་ཟས་སྤངས་ཏེ།  གནས་ནི་ངེས་པ་མེད་པར་གང་དབེན་དུ་བརྟེན་ཞིང་།  བོན་ནི་ལུས་ངག་ཡིད་གསུམ་བསྒྲུབ་པ་ལ་བརྩོན་ཏེ། བདག་རྒྱུད་ཡོངས་སུ་སྦྱང་བའོ། །
གཉིས་པ་གཙང་མ་གཙུག་ཕུད་ཀྱི་སྡེ་གཉིས་ལ།  ཚངས་སྤྱོད་མཚུངས་པའི་སྡེ་གསུམ་གྱི། བྲམ་ཟེ་ཚངས་སྤྱོད་ཀྱི་སྡེ་ནི།  ཕྱི་ཡི་ཚུལ་དྲུག་ཅུ་རྩ་བཞི་དང་།  ནང་གི་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་བསྲུང་ཞིང་། འཁོར་བའི་ཁྱིམ་ལ་མི་གནས་པར།  རབ་ཏུ་བྱུང་ནས་དུས་མ་ཡིན་ཁ་ཟས་དང་། མང་ཐུན་གྱི་ཤ་སྤངས་ཤིང་། སེམས་ཅན་ཕྲ་མོའི་སྲོག་ལས་སོགས་པ་སྡོམ་སྟེ། ཀྲི་སྙ་ཤ་ར་ལྟ་བུའི་སྤྱོད་ལམ་དང་ལྡན་པར་བྱའོ། །
ཚངས་པ་མཚུངས་སྤྱོད་ཀྱི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་ལ།  ཅི་མཛད་ཐམས་ཅད་སྤྱོད་ལམ་རྣམ་པར་དག་པ།   ཚངས་པ་ལྷ་ཡི་སྤྱོད་ཚུལ་དང་ལྡན་ཞིང་།  དུས་ཀྱི་ཁ་ཟས་ལ་བཟས་ནས། ཡུ་ཏིའི་ཆང་སྤངས་པ་དང་།  གྲོགས་ནི་བཀུར་གནས་སུ་བྱ་བའོ། །ངང་པ་མཚུངས་སྤྱོད་ཀྱི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་ལ། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་རྒྱུན་ཆད་མེད་པར།   ངང་པའི་རྒྱལ་པོས་ཁྲུས་བྱེད་པ་ལྟར་དུ།  སྐད་ཅིག་ཀྱང་མ་ཡེངས་པར་བྱ་བ་བྱས་ཏེ།  ཚངས་སྤྱོད་མཚུངས་པའི་སྡེ་གསུམ་མོ། །
གཉིས་པ་གཙང་གཙུག་དག་པའི་སྡེ་གསུམ་གྱི། བསླབ་གསུམ་དག་པའི་སྡེ་ནི། ཕྱི་ཡི་ཚུལ་སུམ་ཅུ་རྩ་གཉིས་དང་། ནང་གི་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་བསྲུང་ཞིང་།  ཚོང་འདུས་ཀྱི་ཤ་དང་། ཆབ་བསལ་གྱི་ཆང་ལ་སྤངས་པ་མེད་དེ། རན་པ་རུ་བཟུང་བ་དང་།  བཀའ་ལུང་རིགས་པ་གསུམ་གྱི་བསླབ་པ་ལ་གུས་པའོ། །སྡོམ་གསུམ་དག་པའི་སྡེ་ནི། ཕྱི་ཚུལ་ནང་ཁྲིམས་གོང་ལྟར་ལ། བསླབ་པ་ལ་གཏོགས་ཏེ། འཁོར་བ་ལས་རབ་ཏུ་བྱུང་ནས། བཙུན་པ་དམ་པའི་སྡེ་རྣམས་ཏེ།   གཙང་མ་གཙུག་ཕུད་ཀྱི་སྡེ་ཞེས་བྱའོ། །དེ་རྣམས་ནི་རབ་ཏུ་བྱུང་ནས་འཁོར་བ་ལ་མི་གནས་པ་རྣམས་སོ། །

(སྤྱིའི་གཟིགས་གྲངས། 168 དེ་རིང་། 1)
Pages: 1 2 3

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།