ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྩོམ་དེབ་འགྲེམས་པ།

༄༅།། ༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལས་སློབ་གཉེར་ཁང་གི་སློབ་གཉེར་བ་བདག་གི་རྩོམ་གྲོགས་ག་ཐ་ཚུལ་ཁྲིམས་རབ་བརྟན་ནམ་དྲ་མིང་ཞང་ཚུལ་མི་འབོད་པའི་རྩོམ་དེབ་<<ཚོར་བའི་གླིང་བུ་>>ཞེས་པ་འདི་ནི། མི་བུ་ཞིག་འཇིག་རྟེན་ཁམས་སུ་རྡོག་ཐོན་བྱུང་སྟེ། དགའ་གདུང་ཁྲོ་ཆགས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་ཚོགས་དྲུག་གི་མྱོང་ཚོར་དབྱངས་སུ་བཀུག་པའི་གླིང་བུ་ཞིག་གམ། ཁོ་བོའི་བསམ་བློའི་ཁ་ཕྱོགས། སེམས་ཀྱི་དད་ཞེན། འཚོ་བའི་གནས་སྟངས། མི་ཚེའི་བཞུད་ལམ་བཅས་ཟུར་བལྟས་ལེབ་མཐོང་གིས་རྒྱུད་ལོང་བྱེད་ཆོག་པའི་སེམས་ཀྱི་གཏིང་ནས་བུས་པའི་སྙུག་གླིང་དྲུག་འགྱུར་མ་དེ་ཡིན།

དེ་རིང་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་ས་སྟེང་བོན་འབངས་ཡོངས་ཀྱིས་མཎྜལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་ཆེན་མོའི་སྐབས་སུ།

དད་སྤྲོའི་རླབས་ཕྲེང་ཉིལ་བའི་དབྱངས་གསལ་ངག་གི་མཆོད་སྤྲིན་དང། རྩ་བའི་བླ་མའི་ཐུགས་བཟུང་ཚུལ་ལ། རབ་ཤེས་རབ་དང་། འབྲིང་སྤྱོད་ལམ། ཐ་མ་ཟང་ཟིང་གིས་ཐུགས་བཟུང་བའི་ཚུལ་གསུམ་ཡོད་པ་ལས། ཤེས་རབ་ཀྱིས་ཐུགས་བཟུང་བའི་བསམ་པས་ཀུན་ནས་བསླངས་ཏེ་རིན་པོ་ཆེ་རྣམ་པ་ལ་ཐོག་མའི་པར་ཕུད་བཅས་ཕུལ་ནས་མིག་སྔར་འགྲེམས་སྤེལ་ཞུས་ཡོད་པ་རེད།

ཏི་སེའི་བུ་ནས། ༢༠༡༦།༤།༢༠།ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 30 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅།།གཡུང་ད…
error: རྩོམ་འདི་བདག་དབང་ཅན་ཡིན།