ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྟོད་ཆ།༽

   དེས་ན་བྱ་དཀའ་བའི་རྒྱན་གྱི་རིགས་འདི་དག་ནི་མེ་ལོང་མའི་སྙན་གཞུང་དུ་ཡོད་ན་ཡང་བོད་རང་གི་སྐད་ལ་དེ་ཙམ་འཚམ་པ་ཞིག་མ་ཡིན་ནོ། ཡང་མེ་ལུགས་ཀྱི་སྙན་གཞུང་འགའ་ཞིག་ལས། །དཀར་དཀར་གངས་ཀྱི་རི་བོ་ཇི་བཞིན་དཀར་དཀར་རི་བོང་ཅན་དཀར་དཀར། །དཀར་དཀར་པད་མའི་རྩ་བ་ལྟ་བུར་དཀར་དཀར་རྒྱལ་བའི་ཐུགས་དཀར་དཀར། །དཀར་དཀར་འོ་མའི་རྒྱ་མཚོ་ཇི་ལྟར་དཀར་དཀར་ལུས་ཕྲའི་གདོང་དཀར་དཀར། །དཀར་དཀར་དཔལ་མོའི་ལེགས་སྐྱེས་ལྟར་དུ་དཀར་དཀར་ཆུ་འཛིན་ཕྲེང་དཀར་དཀར། །ཞེས་པ་འདི་ལྟ་བུའི་ཟུང་ལྡན་གྱི་རྒྱན་འགའ་ཞིག་ནི་གོ་རྒྱུ་མེད་པ་མ་ཡིན་ཀྱང་ཚིག་གི་ཆ་ནས་དཀར་དཀར་ཞེས་ཟློས་དྲགས་པའི་དབང་གིས་སྙན་ངག་ལ་དགོས་རྒྱུའི་བྲོ་བ་ཡལ་འདུག་ཅིང་།<< དབྱངས་ཅན་དགྱེས་གླུ་ལས།>> གང་ཞིག་འཕྲོག་བྱེད་འཕྲོག་བྱེད་ལ་སོགས་པའི། །ཁེང་པ་འཕྲོག་བྱེད་འཕྲོག་བྱེད་མཁྱེན་བརྩེའི་གཏེར། །གངས་རིའི་འཕྲོག་བྱེད་འཕྲོག་བྱེད་ཇི་བཞིན་དུ། །གཞན་སྟོབས་འཕྲོག་བྱེད་འཕྲོག་བྱེད་འཇམ་དཔལ་དབྱངས། །ཞེས་པ་འདི་ལྟ་བུ་ལ་མཚོན་ན། །འཕྲོག་བྱེད་འཕྲོག་བྱེད་ཅེས་ཚིག་ཟློས་ཡོད་པ་དེ་ཉིད་གཅིག་ཏུ་བྱས་ཏེ།  །གང་ཞིག་འཕྲོག་བྱེད་ལ་སོགས་པའི། །ཁེང་པ་འཕྲོག་བྱེད་མཁྱེན་བརྩེའི་གཏེར། །གངས་རིའི་འཕྲོག་བྱེད་ཇི་བཞིན་དུ། །གཞན་སྟོབས་འཕྲོག་བྱེད་འཇམ་དཔལ་དབྱངས། །ཞེས་བྲིས་ན་གོང་གི་དེ་གཉིས་ལ་ཚིག་མང་ཉུང་ཙམ་ལས་གོ་རྒྱུ་དང་གོ་སྟངས་གང་གི་ཆ་ནས་བཤད་ཀྱང་ཁྱད་ཅི་ཡང་མི་འདུག་པས། ཟུང་ལྡན་གྱི་རྒྱན་འབྲི་སྐབས་ཚིག་ཟློས་པ་ཙམ་མ་ཡིན་པར་ཚིག་ཟློས་པ་དེ་ཡིས་མ་ཟློས་པ་ལས་བརྗོད་བྱ་ཁ་གསལ་བར་བྱས་པའམ་ཡང་ན་ཚིག་ཟློས་པ་དེ་ཡིས་བློ་ངོར་རང་མཚན་གྱི་རྣམ་པ་དམིགས་བསལ་ཞིག་འཆར་ཐུབ་པའི་ཐུན་མིན་གྱི་ཁྱད་ནུས་ཞིག་ངེས་པར་ཡོད་དགོས་སྙམ། དེ་ལྟར་མེ་ལུགས་ཀྱི་སྒྲ་རྒྱན་རྣམས་ནི་སྒྲ་ཡི་གཟུགས་གཅིག་པ་མཉམ་དུ་སྒྲིག་པ་འམ་ཟློས་པ་ཙམ་ལས་ཚིག་སྦྱོར་སྙན་མིན་དང་བརྗོད་བྱ་གསལ་མི་གསལ་ལ་སོགས་སྙན་ངག་གི་རང་བཞིན་ལ་མ་ལྟོས་པའི་སྐྱོན་ཤིན་ཏུ་ཆེའོ། །

(སྤྱིའི་གཟིགས་གྲངས། 457 དེ་རིང་། 1)
Pages: 1 2

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 རྩོམ…
error: རྩོམ་འདི་བདག་དབང་ཅན་ཡིན།